འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་25ཡིས་འགོག་སྲུང་ལས་དོན་གྱི་མཉམ་ལས་རྣམ་གྲངས་
    བཅུ་བདུན་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན། ཡོ་རོབ་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་25ཡིས་འགོག་སྲུང་ལས་དོན་ཁྱབ་ཁོངས་ཀྱི“ཡུན་རིང་གྲུབ་ཆའི་རང་བཞིན་གྱི་མཉམ་ལས”ནང་ཞུགས་པ་མ་ཟད། ལམ་སྲོལ་དེའི་འོག་རགས་ཙམ་སྤེལ་བའི་འགོག་སྲུང་ལས་དོན་གྱི་མཉམ་ལས་རྣམ་གྲངས་17བཏོན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
          གསལ་བསྒྲགས་ནང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་23གྱིས་ཟླ་11ཚེས་13ཉིན་མཉམ་འབྲེལ་གྲོས་མཐུན་ལ་མིང་རྟགས་བཀོད་ནས་འགོག་སྲུང་ལས་དོན་ཁྱབ་ཁོངས་ནང“ཡུན་རིང་གྲུབ་ཆའི་རང་བཞིན་གྱི་མཉམ་ལས”བྱས་རྗེས་ཨེར་ལན་དང་ཕོར་ཐིའུ་ཀལ་གྱིས་ཀྱང་གཟའ་འཁོར་གོང་མར་དེའི་ནང་ཞུགས་རྒྱུའི་ཐག་བཅད་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་དེ་དག་གིས་འགོག་སྲུང་ལས་དོན་ཐད་མཉམ་ལས་སྔར་ལས་ཟབ་པ་བྱ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
         གསལ་བསྒྲགས་ནང་གོང་གསལ་གྱི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་25ཡིས་ཆབ་སྲིད་གྲོས་མཐུན་བཞག་པ་དང་དུས་མཚུངས“ཡུན་རིང་གྲུབ་ཆའི་རང་བཞིན་གྱི་མཉམ་ལས”ལམ་སྲོལ་འོག་རགས་ཙམ་སྤེལ་བའི་རྣམ་གྲངས་ཀྱི་གསལ་ཐོ་ཞིག་ཀྱང་བསྐྱལ་ཞིང་། དེའི་ནང་འཁོད་པའི་རྣམ་གྲངས་17ནང་དམག་དོན་གསོ་སྦྱོང་དང་། དྲ་རྒྱའི་བདེ་འཇགས། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྒྱབ་སྐྱོར། གེགས་སེལ་དང་འཐབ་ཇུས་བཀོད་འདོམས་སོགས་ཚུད་ཡོད། སྔོན་དཔག་བྱས་ན་རྣམ་གྲངས་འདི་དག་ལ་2018ལོའི་ལོ་འགོར་དངོས་སུ་མོས་མཐུན་ཐོབ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།