འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་
    བཞིན་གྱི་རྒྱུན་འཛིན་པ་20ཡི་སྐོར་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་
    འགོད་པའི་ལས་དོན་ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ཉེ་ཆར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་10ཡི་སྐོར་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་འགོད་པའི་ལས་དོན་ལེགས་སྒྲུབ་བྱས་པས། མིག་སྔའི་བར། བོད་ལྗོངས་ཀྱིས་ལྷ་མོ་དང་། གནམ་རིག་སྐར་རྩིས། བོད་སྨན་འདུལ་སྦྱོང་། སྤོས་བཟོ་བ་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་20ཡི་སྐོར་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་འགོད་པའི་ལས་དོན་ལེགས་སྒྲུབ་བྱས་ཡོད་པ་རེད།
          རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་སྐོར་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་འགོད་པའི་ལས་དོན་ནི། རིག་གནས་པུས་2015ལོར་སྤེལ་འགོ་བཙུགས་པའི་རིག་གནས་འདུ་འགོད་ཅིག་ཡིན་ལ། དེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཚང་མ་དང་ལྷག་པར་ཏུ་ལོ་70ཡན་དང་ཡང་ན་ལོ་70མ་ཟིན་ཀྱང་གཟུགས་པོ་ཐང་པོ་མེད་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཚོའི་མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་ཤེས་བྱ་དང་ལག་རྩལ་གྲངས་གཞིའི་བརྒྱུད་ལམ་སྣེ་མང་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཆ་ལག་ཚང་བ་དང་བརྒྱུད་རིམ་ལྡན་པ། ཇི་མ་ཇི་བཞིན་གྱིས་ཟིན་ཐོར་འགོད་ཀྱི་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཀོན་ཀྲང་ཨའོ་ཁྲའོ་ཡིས། སྒྱུ་རྩལ་པ་མི་ཉུང་བ་ཞིག་དགུང་ལོ་ཆེ་བར་དམིགས་ནས། བོད་ལྗོངས་ཀྱིས་2015ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་སྐོར་མྱུར་སྐྱོབ་རང་བཞིན་གྱི་ཟིན་ཐོ་འགོད་པའི་ལས་དོན་སྤེལ་འགོ་བཙུགས་ཤིང་། ངག་ནས་བརྗོད་ཀྱི་སྐོར་དང་། ལག་ལེན་གྱི་སྐོར། རྒྱུན་འཛིན་སློབ་ཁྲིད་ཀྱི་སྐོར། སྒྲིལ་གླེང་གི་སྐོར། ལས་དོན་གྱི་སྐོར་བཅས་ཁག་ལྔར་བགོས་ནས་རྒྱུན་འཛིན་པའི་ལག་རྩལ་མཚོན་པར་བྱས་པ་དང་། སྒྱུ་རྩལ་པ་རེར་མྱུར་སྐྱོབ་ཟིན་འགོད་ལས་དོན་ལ་འགྲོ་སོང་སྒོར་ཁྲི་40ཡས་མས་བཏང་ཡོད་ཅེས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལ་མིག་སྔའི་བར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་89དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་68ཡོད་ལ། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་གཙོ་བོ་སྲོལ་རྒྱུན་ཞབས་བྲོ་དང་། ལྷ་མོ། གནམ་རིག་སྐར་རྩིས། བོད་ལུགས་གསོ་བ་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་ཡོད། འདི་ལོའི་ལོ་མཇུག་ཏུ། བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་10ཡི་སྐོར་མྱུར་སྐྱོར་རང་བཞིན་གྱི་ཟིན་ཐོ་འགོད་པའི་ལས་དོན་ཡང་བསྐྱར་སྤེལ་འགོ་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།