འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ཞིབ་འཇུག་ལྟེ་གནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་གྱི་ཕྱི་དྲོར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་འགོ་ཁྲིད་ནས་ལྗོངས་ཞིང་འབྲོག་ཐིང་དང་། ཚན་རྩལ་ཐིང་། སྤྱི་ཚོགས་ཚན་རིག་ཁང་། ཞིང་འབྲོག་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན་སོགས་ཚན་པ་དང་མཉམ་དུ་བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཞིབ་འཇུག་ལྟེ་གནས་འཛུགས་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཞིབ་འཇུག་ལྟེ་གནས་ནི“རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་། བློ་འདྲིའི་ཞབས་ཞུ། རྩལ་ནུས་གསོ་སྦྱོང་། སྤྱི་ཚོགས་ལ་དྲིལ་བསྒྲགས”བཅས་དམིགས་ཡུལ་དུ་བཟུང་པའི་ཚན་ཞིབ་ཞབས་ཞུའི་ལས་སྟེགས་རྩ་འཛུགས་ཤིག་ཡིན་པ་དེས་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་དང་། “རྒྱུད་གཅིག་ལམ་གཅིག” གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཅས་ལ་དམ་པོར་དམིགས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཚད་ལྡན་གྱི་འཕེལ་རྒྱས་དང་། དཔལ་འབྱོར་ལ་སྣེ་ཁྲིད། རྩལ་ནུས་གསོ་སྦྱོང་སོགས་ལ་ཞིབ་འཇུག་དང་ཞབས་འདེགས་ཞུ་རྒྱུར་གཞིས་ཚུགས་པ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་རིགས་པའི་གཞུང་ལུགས་ཀྱི་དཔྱད་གཞི་དང་སྲིད་ཇུས་ཀྱི་གྲོས་འགོ་འདོན་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་ལྟེ་གནས་ཀྱིས་རིགས་གཅིག་མཁས་ཅན་གྱི་ཤེས་ལྡན་མི་སྣའི་མཛོད་བཙུགས་པའི་ཁོངས་མི་ཚང་མ་བོད་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་དང་། ཐོན་ལས་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཀྱི་ཞིབ་འཇུག་སོགས་ཀྱི་ལས་རིགས་ཀྱི་གཙོ་འགན་འཁུར་མཁན་ནམ་ཡང་ན་རིགས་གཅིག་མཁས་ཅན་དང་མཁས་དབང་ཡིན། དེ་ལས་བོད་ལྗོངས་ཀྱི་ཚན་ཞིབ་ལས་དོན་དང་ལྷག་པར་དུ་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།