འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ཕུག་ལམ་དང་པོ་ཁྱོན་ཡོངས་ནས་ཏལ་འབིགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་བཅོ་ལྔ་པས་སྐྲུན་འགན་འཁུར་བའི་ཝང་མོན་གྲོང་ཚོའི་ཕུག་ལམ་ཨང་གཉིས་པ་དེ་ཟླ་12ཚེས་12ཉིན་བདེ་བླག་ངང་ཏལ་འབིགས་ཐུབ་ནས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་རྣམ་གྲངས་ཀྱི་ཁྱོན་ཡོངས་ནང་གི་ཏལ་འབིགས་ཐུབ་པའི་ཕུག་ལམ་དང་པོར་གྱུར་ཡོད།
         ཝན་མོན་གྲོང་ཚོའི་ཕུག་ལམ་གཉིས་པ་དེ་ཝན་ཐེན་ཞིང་ཆེན་དུ་གནས་ཡོད་པ་དང་སྤྱིའི་རིང་ཚད་ལ་སྨི་301ཡོད།
         ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནི་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་བའི་རྣམ་གྲངས་ཤིག་ཡིན་པ་དང་། 2016ལོའི་ཟླ་12པར་ལྕགས་ལམ་ཧྲིལ་པོ་ལས་འགོ་ཚུགས་ཚུན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ལམ་ཐིག་ཧྲིལ་པོའི་ཨར་ལས་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་བ་དང་། ཕུག་ལམ་དང་། ཟམ་པ། ལམ་གཞི་སོགས་ཀྱི་ལས་གྲྭ་ཁྱོན་ཡོངས་ནས་ལས་འགོ་ཚུགས་ཡོད།
         ཀྲུང་གོ་དང་ལོ་སིའི་ལྕགས་ལམ་(ལོ་སིའི་དུམ་བུའི)འགོ་དེ་བྱང་ངོས་ཀྲུང་གོ་དང་ལོ་སིའི་མཐའ་མཚམས་ནས་བཙུགས་པ་དང་མཇུག་ལོ་སིའི་རྒྱལ་ས་ཝན་ཐེན་བར་ཡིན་པའི་སྤྱིའི་རིང་ཚད་ལ་སྤྱི་ལེ་414ཡོད། ལམ་ཐིག་ཧྲིལ་པོར་ཀྲུང་གོའི་ལག་རྩལ་གྱི་ཚད་གཞི་དང་ཀྲུང་གོའི་སྒྲིག་ཆས་སྤྱད་ནས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ཡི་འཆར་གཞི་ལྟར་བསྐྲུན་པ་དང་། 2021ལོའི་ཟླ་12པར་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་བཟོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།