འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་རྒྱུས་བློ་ལ་ངེས། བསྐྱར་དར་དོན་དུ་གཉེར།

    —— ནན་ཅིང་དམར་གསོད་ཆེ་མོའི་རིང་རྐྱེན་ལམ་དུ་ཤོར་བའི་མི་ལ་རྒྱལ་ཁབ་ཀྱིས་སྤྱི་མཆོད་བྱེད་པའི་ཉིན་མོ་ཐེངས་བཞི་པར་བྲིས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་ནི་ནན་ཅིང་དམར་གསོད་ཆེ་མོའི་དོན་རྐྱེན་བྱུང་ནས་ལོ་80འཁོར་བའི་ཉིན་མོ་ཞིག་རེད་ལ་ནན་ཅིང་དམར་གསོད་ཆེ་མོའི་རིང་རྐྱེན་ལམ་དུ་ཤོར་བའི་མི་ལ་རྒྱལ་ཁབ་ཀྱིས་སྤྱི་མཆོད་བྱེད་པའི་ཉིན་མོ་ཐེངས་བཞི་པའང་རེད། སྐྱོ་སྣང་ཆེན་པོ་བྱུང་ནས་སྙིང་ཁར་ན་ཟུག་གཏོང་བའི་ཉིན་མོ་དེར་ང་ཚོས་ནན་ཅིང་དམར་གསོད་ཆེ་མོའི་རིང་རྐྱེན་ལམ་དུ་ཤོར་བའི་མི་དང་། རི་པིན་བཙན་རྒྱལ་རིང་ལུགས་པས་དམར་གསོད་བཏང་བའི་སྤུན་ཟླ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ཚེ་སྲོག་སྐྱེས་སུ་འབུལ་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོ་བཅས་ལ་རྗེས་དྲན་ཟབ་མོ་ཞུ།
         “སུས་ལོ་རྒྱུས་བརྗེད་ན་དེའི་བླ་སྲོག་ཤོར་སྲིད”ལོ་80ཡི་རྗེས་ལ་བཙན་འཛུལ་པའི་མེ་མདའི་སྒྲ་ལོ་རྒྱུས་ཀྱི་ཐལ་རྡུལ་ཁྲོད་དུ་འབྱིངས་མོད། འོན་ཏེ་ཀྲུང་ཧྭ་སྒོ་མོའི་མཁར་གྱང་ཐོག་མདེལ་ཤུལ་སྔར་བཞིན་ཡོད་པ་གསལ་པོར་མཐོང་རྒྱུ་ཡོད། ནན་ཅིང་གྲོང་གི་རྒྱུན་མི་ཆད་པའི་ཡིད་གདུང་ངུ་འབོད་ཀྱི་སྒྲ་རླུང་གིས་འཁྱེར་ནས་རིམ་བཞིན་ཐོས་རྒྱུ་མེད་པར་གྱུར་མོད། འོན་ཏེ“མི་རོ་ཁྲི་སྟོང་དབྱུག་སར”ཀེང་རུས་མང་པོ་སྔར་བཞིན་ཡོད། ལོ་རྒྱུས་དེ་དུས་རབས་ལ་འཕོ་འགྱུར་བྱུང་བ་དང་ཆབས་ཅིག་འགྱུར་ལྡོག་འགྲོ་མི་སྲིད་ལ་དོན་དངོས་ཀྱང་ཁ་མཁས་ཚིག་སྙན་གྱིས་ཁས་མ་བླངས་པ་ལས་མེད་པར་འགྱུར་མི་སྲིད། ནན་ཅིང་དམར་གསོད་ཆེ་མོ་བྱུང་བའི་དཔང་རྟགས་ཁུངས་བཙན་ཡོད་པས་ཁས་མ་ལེན་རང་ལེན་རེད། བྱ་ལོག་སྤྱོད་ལོག་སྤེལ་ནས་ལོ་རྒྱུས་གཡོ་བཅོས་བྱ་རྒྱུའི་ལྐོག་གཡོ་བཤམས་པ་དང་ཁས་མ་བླངས་པའི་གཏུམ་སྤྱོད་དང་དེ་བཞིན་ནན་ཅིང་དམར་གསོད་ཆེ་མོའི་དོན་རྐྱེན་དང་བཙན་འཛུལ་དམག་འཁྲུག་གི་གྱོད་ལོག་ཁྲ་ལོག་བྱ་རྩིས་བྱེད་པའི་སྡིག་ཉེས་ཆེ་བའི་སྤྱོད་ངན་དག་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་གྱིས་ཁས་ལེན་མི་སྲིད་ལ་འཛམ་གླིང་ཐོག་གི་ཞི་བདེར་དགའ་ཞེན་བྱེད་མཁན་དང་དྲང་བདེན་གྱི་མི་དམངས་ཚོས་རྒོལ་གཏམ་གཏོང་རྒྱུ་ཡིན་ལ་མཆིལ་མ་བཞིན་འདོར་རྒྱུའང་ཡིན་པ་ནི་སྨོས་ཅི་དགོས།
         རྒྱལ་ཁབ་ཀྱི་མིང་ཐོག་ནས་ང་ཚོས་ཀྲུང་ཧྭའི་བུ་ཕྲུག་ལ་ཕྱར་བ་གྲུ་འདེགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན། “སྤུན་ཟླ་ཁྲི་སྟོང་མང་པོས་ངར་ཤུགས་གཅིག་ཏུ་བསྒྲིམས། བསམ་སྤྱོད་གཅིག་མཐུན་སྒོ་ནས་རླབས་ཆེན་རྒྱལ་ཁ་བླངས”ཀྲུང་གོའི་མི་དམངས་ལ་རི་འགོག་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁ་ཐོབ་སྟེ་ཀྲུང་ཧྭ་མི་རིགས་ཉམས་རྒུད་ནས་དར་རྒྱས་ཕྱོགས་སུ་ཁ་ལོ་འགྱུར་འགོ་ཚུགས་པའི་འགྱུར་ལྡོག་ཆེན་པོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་ཡར་ལངས་བྱུང་བ་དང་། ཕྱུག་པོར་འགྱུར་བ། དེ་ནས་རླབས་ཆེན་གྱི་མཆོང་སྐྱོད་བྱུང་བ་བཅས་མཚོན་གྱི་ཡོད། ཀྲུང་ཧྭ་དར་རྒྱས་ཀྱི་བྱ་གཞག་དང་མི་རིགས་བསྐྱར་དར་གྱི་ཕུགས་འདུན་ཀྲུང་ཧྭའི་བུ་ཕྲུག་མི་རབས་དུ་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མངོན་དུ་འགྱུར་ངེས་རེད།
         རྒྱལ་ཁབ་ཀྱི་མིང་ཐོག་ནས་ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་རླབས་ཆེན་བྱ་གཞག་མཉམ་དུ་བཏོད་དེ་ཞི་བདེ་རྒྱུན་སྲིང་དང་ཐུན་མོང་ཐོག་དར་རྒྱས་ཀྱི་འཛམ་གླིང་བསྐྲུན་རྒྱུར་གཞོལ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན། སྤུན་ཟླ་དམར་གསོད་བཏང་བ་དང་ཁྲག་གི་རྒྱ་མཚོ་འཁྱིལ་བའི་སྡུག་བསྔལ་ཆེན་པོ་མྱངས་པའི་ཀྲུང་ཧྭ་མི་རིགས་ཀྱིས“ཞི་བདེ་ཡོད་དུས་ཕན་པ་ཚོར་བ་དང་མེད་དུས་འཚོ་ཐབས་བྲལ་བའི”གནས་ལུགས་དེ་བས་གསལ་པོ་ཤེས་ལ་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་ཞི་བདེ་དང་རེ་བས་ཕྱུག་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་ཀྲུང་ཧྭ་མི་རིགས་ཀྱི་ཆོད་སེམས་དེ་བས་ཀྱང་བརྟན་པོ་ཡོད། “རྒྱུད་གཅིག་ལམ་གཅིག”དེ་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་པ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཕྱིར་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་པའི་བར་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ཞིག་ཏུ་བརྩིས་པ་དང་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ལེགས་སྐྱེས་པ། རྒྱལ་སྤྱིའི་སྒྲིག་སྲོལ་གྱི་སྲུང་སྐྱོང་པ་བཅས་ཐོག་མཐའ་བར་གསུམ་དུ་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།