འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་སྐད་གཉིས་མཚོན་རྟགས་བྱེད་སྒོ་པེ་ཅིང་དུ་
    སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་གྲོང་ཁྱེར་ཧའེ་ཏིང་ཆུས་མི་རིགས་སློབ་ཆུང་དུ་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་སྐད་གཉིས་མཚོན་རྟགས་བྱེད་སྒོ་སྤེལ་འགོ་ཚུགས་པ་དེ་ཐོག་ནས་ཡང་དག་ལ་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་སྐད་གཉིས་ཀྱི་མཚོན་རྟགས་རང་རྒྱལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་འདོན་རྒྱུ་ཡིན་པ་མཚོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་རིག་གནས་འབྲེལ་འདྲིས་ཉིན་རེ་ལས་མ་འདས་པར་ཟབ་ཏུ་འགྲོ་བཞིན་ཡོད་པས་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་སློབ་གྲྭའི་སྐད་གཉིས་མཚོན་རྟགས་ཤིག་ཡོད་དགོས་པ་ནི་གལ་འགངས་ཆེ་རུ་འགྲོ་བཞིན་ཡོད། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྐད་གཉིས་ཚད་ལྡན་དུ་གཏོང་བའི་ལས་དོན་དེས་རང་རྒྱལ་གྱི་ཕྱི་སྐད་ཞབས་ཞུ་ལེགས་གཏོང་དང་རང་རྒྱལ་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འཕེལ་རིམ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྐད་གཉིས་ཚད་ལྡན་དུ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་སློབ་གྲྭའི་སྐད་གཉིས་མཚོན་རྟགས་དེས་རྒྱུན་གཏན་གྱི་ཁྲིད་སྟོན་ནུས་པ་ཐོན་པ་མ་ཟད། ད་དུང་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གནས་ཚུལ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཡང་མཚོན་གྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སྐད་གཉིས་མཚོན་རྟགས་ཐད་ཚད་ལྡན་མིན་པའི་སྒྱུར་སྟངས་སྣ་ཚོགས་ཐོན་པར་དམིགས་ཏེ་ན་ནིང་ནས་བཟུང་། ཕྱི་སྐད་སློབ་ཁྲིད་ཞིབ་འཇུག་དཔེ་སྐྲུན་ཁང་གིས་པེ་ཅིང་གྲོང་ཁྱེར་ཧའེ་ཏིང་ཆུས་མི་རིགས་སློབ་ཆུང་དང་མཉམ་དུ་སློབ་གྲྭའི་མཚོན་རྟགས་བྱང་བུ་སྣ་ཚོགས་ལ་དམིགས་ཏེ་སྐད་གཉིས་ཀྱི་ལོ་ཙཱ་བྱས་ཡོད། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་ལ་བརྟེན་པ་དང་ཕྱི་སྐད་སློབ་ཁྲིད་ཞིབ་འཇུག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་དབྱིན་ཡིག་སྒྱུར་འབྲིའི་ཕྱོགས་སྟོན་》ཞེས་པ་དང་ཟུང་འབྲེལ་གྱིས་བྱེད་སྒོར་འཚོལ་བསྡུ་ཐུབ་པའི་སློབ་གྲྭའི་སྐད་གཉིས་མཚོན་རྟགས་ལ་གསེད་དཀྲོལ་དང་ལེགས་བཅོས་བྱས་པས་སྐད་གཉིས་མཚོན་རྟགས་བྱེད་སྒོ་དེ་ས་གནས་ཁག་གི་སློབ་གྲྭར་སྤེལ་བའི་ཐད་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་ཐུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།