འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཏུང་གིས་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་རྒྱུར་སྐུལ་ལྕག་བཏང་ནས་འགན་
    འཁྲི་འཁུར་ཕོད་མཁན་སྔོན་ལ་གོ་གནས་སྤོར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་གསར་འགོད་པར་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ལ་སྐུལ་ལྕག་ཏན་ཏིག་གཏོང་ཕྱིར། ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་《ལས་བྱེད་པས་འགན་འཁུར་དང་བྱས་རྗེས་ལས་སྒྲུབ་ལས་གཏོད་བྱ་རྒྱུར་ལྕག་སྐུལ་གཏོང་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ་རེད། ཧྲན་ཏུང་གིས་འགན་འཁུར་ཕོད་པའི་ལས་བྱེད་པ་འདེམས་སྒྲུག་དང་བེད་སྤྱོད་ཤུགས་ཆེན་བྱས་ནས་འགན་འཁུར་དང་བྱས་རྗེས་འཇོག་ཐུབ་པའི་ལས་བྱེད་པ་ཕུལ་བྱུང་སྔོན་ལ་གསོ་སྐྱོང་བེད་སྤྱོད་བྱེད་པ་དང་ཧ་ཅང་ཕུལ་དུ་བྱུང་བ་བློ་ཁོག་ཆེན་པོས་གནས་སྤོར་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད། ལས་སྒྲུབ་ལས་གཏོད་ཀྱི་བྱས་རྗེས་མངོན་གསལ་དོད་པའི་ས་ཁུལ་དང་སྡེ་ཚན(ཚན་པ)ལ་ལས་བྱེད་པ་འདེམས་སྒྲུག་དང་བེད་སྤྱོད་བྱ་རྒྱུའི་ཐད་གཙོ་གནད་ཐོག་བསམ་གཞིག་བྱ་རྒྱུ་ཡིན་པ་དང་། ལས་ཀ་རྗེས་ལུས་དང། ལས་གནས་ཀྱི་བླང་བྱ་དང་མི་འཚམ་པ། ལས་དོན་ཡག་པོ་སྒྲུབ་མི་ཐུབ་པ། ལས་བྱེད་པར་མང་ཚོགས་ཀྱི་བསམ་འཆར་ཅུང་ཆེ་བ་བཅས་ལ་དུས་ཐོག་ཏུ་རྩ་འཛུགས་ནས་ལེགས་སྒྲིག་བྱེད་པ། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་དང་བྱ་སྤྱོད་སྤེལ་འགོར་བར་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         ལས་སྒྲུབ་ལས་གཏོད་བྱེད་པར་ནོར་འཁྲུལ་ཤོར་སྲིད་པས། ལས་བྱེད་པས་ནོར་འཁྲུལ་ཤོར་ཆོག་པ་དང་ཡོ་བསྲང་གི་ལམ་སྲོལ་ཇི་ལྟར་འཁོར་སྐྱོད་བྱེད་དམ་ཞེ་ན། ཧྲན་ཏུང་གིས་ནོར་འཁྲུལ་ཤོར་ཆོག་པ་དང་ཡོ་བསྲང་གི་གནས་ཚུལ་དང་། བརྒྱུད་རིམ། བླང་བྱ་བཅས་ཁ་གསལ་བཏོན་པ་སྟེ། གཅིག་ནི་ནོར་འཁྲུལ་ཤོར་ཆོག་པའི་གནས་ཚུལ་དང་ཆ་རྐྱེན་གྱི་དབྱེ་མཚམས་གཏན་འཁེལ་ལུགས་མཐུན་བྱས་ནས། “དབྱེ་འབྱེད་གསུམ”གྱི་བླང་བྱ་ལྟར་གཏན་འབེབས་ཀྱི་ཆ་རྐྱེན་དང་འཚམ་པར་ནོར་འཁྲུལ་ཤོར་ཆོག་པ་དང་འགན་འཁུར་མི་དགོས་པ་དང་། གཉིས་ནི་ནོར་འཁྲུལ་ཤོར་ཆོག་པ་དང་འགན་འཁུར་མི་དགོས་པའི་བརྒྱུད་རིམ་ཚད་ལྡན་བཟོས་ནས་འགན་འཁྲི་བདའ་འདེད་སྒྲིག་གཞིས་འགན་འཁྲི་བདའ་འདེད་ཀྱི་བརྒྱུད་རིམ་འགོ་འཛུགས་་པ་དང་ཆབས་ཅིག ནོར་འཁྲུལ་ཤོར་ཆོག་པ་དང་འགན་འཁུར་མི་དགོས་པའི་བརྟག་དཔྱད་དང་ཞིབ་དཔྱད་མཉམ་དུ་བྱས་ནས་འཕྲལ་མར་ངོས་འཛིན་གཏན་འཁེལ་གྱི་མཇུག་འབྲས་བཏོན་དགོས་པ། གསུམ་ནི་ནོར་འཁྲུལ་ཤོར་ཆོག་པ་དང་འགན་འཁུར་མི་དགོས་པ་དང་ནོར་འཁྲུལ་ཡོ་བསྲང་དང་སྔོན་འགོག་དུས་ཐོག་ཏུ་བྱས་ནས། ནོར་འཁྲུལ་ཤོར་ཆོག་པ་དང་འགན་འཁུར་མི་དགོས་པའི་གནས་ཚུལ་དང་འཚམ་པའི་ངོས་འཛིན་བྱས་པར་འཕྲལ་མར་འགན་འཁྲི་བདའ་འདེད་མི་གཏོང་བའམ་འགན་འཁྲི་ཆུང་དུ་གཏོང་དགོས། དེ་དང་ཆབས་ཅིག ནོར་འཁྲུལ་ཡོ་བསྲང་གི་བརྒྱུད་རིམ་འགོ་བཙུགས་ནས་དུས་བཀག་ནང་དག་ཐེར་བྱེད་པའི་འགན་དཀྲི་བ་དང་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ལྟ་སྐུལ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།