འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཁྲུང་ཀྲོའུ་ཡིས་གྲོང་དོན་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ"རུལ་སུངས་ཆུང་
    ངུའི"གནད་དོན་ལ་དམ་པོར་དམིགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “མ་མཐའི་འཚོ་བ་འགན་ལེན་འགྲོ་ལུགས་གཉེར་བ་དང་བོགས་དངུལ་སྤྲོད་རྒྱུ་ཚང་མ་རིམ་པ་བཞིན་ཡོངས་བསྒྲགས་བྱེད་ཀྱི་འདུག གྲོང་ཚོའི་མཉམ་སྡེབ་མ་དངུལ་བེད་སྤྱོད་ག་ཚོད་གཏོང་མིན་དང་གང་འདྲ་གཏོང་མིན་ང་ཚོས་ཚང་མ་མཐོང་གི་འདུག”ཅེས་དང“ད་ཆ་ང་ཚོ་མང་ཚོགས་ཀྱི་འཐུས་མི་གྲོང་ཚོ་དང་ཚོགས་ཆུང་གི་ཚོགས་ཆེན་ནང་ཞུགས་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཚང་མ་མི་སེར་གྱིས་བཤད་པར་བརྩི་གི་འདུག”ཅེས་ཉེ་ཆར་སི་ཁྲོན་ཁྲུང་ཀྲོའུ་གྲོང་ཁྱེར་ཝང་ཁྲང་གྲོང་རྡལ་པན་ཚའོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་པན་ཚའོ་གྲོང་ཚོའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་ཚོགས་ཆེན་ནང་ཞུགས་མཁན་མང་ཚོགས་ཀྱི་འཐུས་མིས་བཤད།
         “གཞི་རིམ་ལས་བྱེད་པར་དབང་ཆ་ཆུང་མོད། འོན་ཀྱང་དབང་ཆ་སྤྱོད་རྒྱུ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་ལ། སྒྲིག་འགལ་ཁྲིམས་འགལ་གྱི་གནོད་འཚེ་དང་ཤུགས་རྐྱེན་དེ་བས་ཐད་ཀར་ཐེབས་ཀྱི་ཡོད”ཅེས་ཁྲུང་ཀྲོའུ་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས་གཞི་རིམ་ལས་བྱེད་པའི་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་གི་བསམ་བློའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་སྤྱོད་གཙང་རང་གཅུན་གྱི་ཉེན་བརྡ་གཏོང་དགོས་ཞེས་བཤད། ཉེ་བའི་ལོ་ཤས་རིང་། ཁྲུང་ཀྲོའུ་གྲོང་ཁྱེར་གྱིས“རུལ་སུངས་ཆུང་ངུའི”གནད་དོན་ལ་དམ་པོར་དམིགས་ནས་གྲོང་དོན་སྒྲུབ་པའི་བརྒྱུད་རིམ་ཚད་ལྡན་དུ་བཏང་སྟེ་གཞི་རིམ་གྱི་ཁྲིམས་བཞིན་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།
         ས་བསྡུའི་གསབ་དངུལ་དང་། སྨན་བཅོས་འགན་ལེན། ཞིང་ལས་ཁ་གསབ་སོགས་ཀྱི་གྲོང་དོན་ཡོངས་བསྒྲགས་ལ་དམ་འཛིན་ནན་པོ་དང་། རིམ་དབྱེའི་ཞིབ་མཆན་འགོད་པའི་ལམ་ལུགས་གཏན་འཁེལ་བྱས་ནས་ཆེད་དོན་རྩིས་བཤེར་དང་ཆེད་དོན་ཞིབ་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཚོ་རིམ་པའི་ནོར་དོན་ལ་དུས་བཀག་བཞིན་ཞིབ་བཤེར་བྱས་ནས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་དཔལ་འབྱོར་འགན་འཁྲིར་རྩིས་བཤེར་བྱས་པ་དང་དུས་མཚུངས། གོང་རིམ་ཏང་རྩ་འཛུགས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་རང་འགུལ་ངང་དོན་འཁྱོལ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་རང་བཤེར་རང་བཅོས་བྱེད་པ་སོགས་ལ་སྐུལ་འདེད་བཏང་བས་གྲོང་དོན་སྒྲུབ་པའི་བརྒྱུད་རིམ་ཁག་ཚད་ལྡན་བྱུང་བ་དང་འབྲེལ། “རུལ་སུངས་ཆུང་ངུའི”གནད་དོན་ལྟ་སྐུལ་དོ་དམ་ནན་པའི་བྱ་ཐབས་འོག་ཐག་གཅོད་ཡག་པོ་ཐུབ་ཡོད་པ་རེད།
         གྲོང་མིའི་ཡོང་འབབ་མཐོ་ཡང་སྔར་བཞིན་མ་མཐའི་འཚོ་བའི་འགན་ལེན་རོགས་དངུལ་བླངས་མཁན་ཡོད་པར་བརྟེན་ནས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བསྐྱར་ཞིབ་ལས་དོན་སྤེལ་སྐབས་ཙེ་ཐུང་གྲོང་རྡལ་ཙེ་ཀུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཤེ་ཡོན་ཧུང་ལ་འགན་འཁྲི་དམིགས་སར་མི་འབྱོར་བའི་རྐྱེན་གྱིས་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། ཀོན་ཧྲེང་གྲོང་རྡལ་ཐན་ཧྲེང་ལམ་སྡེ་ཁུལ་གྱི་དེ་སྔའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་5ཡིས་ཆེད་དངུལ་མཉམ་དུ་ལྐོག་བགོས་དང་མཉམ་སྡེབ་ཀྱི་རྒྱུ་ནོར་བཙན་བཟུང་བྱས་པས་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་བཅད་པ་མ་ཟད། ལྐོག་ཏུ་བགོ་བཤའ་བརྒྱབ་པ་དང་བཙན་བཟུང་བྱས་པའི་མ་དངུལ་ཚང་མ་ཕྱིར་སློག་བྱེད་དུ་བཅུག་པ་དང་འབྲེལ། གཞི་རིམ་གྱི་དཔོན་ངན་ཟ་རྔམ་ཅན་5ཐག་གཅོད་ནུས་ལྡན་བྱས་པ་རེད།
         “སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་ཐུབ་མ་ཐག་ངེས་པར་དུ་ཉེས་ཆད་ནན་པོ་གཅོད་པ་ལས་གུ་ཡངས་གཏན་ནས་གཏོང་རྒྱུ་མིན”ཞེས་ཁྲུང་ཀྲོའུ་གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་དང་། གྲོང་ཁྱེར་དེའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཞི་རིམ་གྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་ལ་དམིགས་ནས་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གོང་ཞུར་གྲལ་བཤེར་ནན་པོ་བྱེད་པ་དང་། ཐར་པར་གཏན་ནས་མི་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས“རུལ་སུངས་ཆུང་ངུའི”གནད་དོན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཚོགས་ཆུང་བཙུགས་ནས“རུལ་སུངས་ཆུང་ངུའི”གནད་དོན་གྱི་ཁུངས་སྣེ་འཕྲལ་མ་ཉིད་དུ་བདག་སྤྲོད་དང་། ཞིབ་བཤེར་ཐག་གཅོད། ཚུར་ལན་བཅས་བྱས་ཏེ་སྙན་སེང་ཞུ་མཁན་ཡོད་ཚེ་ངེས་པར་དུ་ཞིབ་བཤེར་མགྱོགས་པོ་ཐུབ་པ་དང་། རྩད་ཆོད་ཐུབ་མ་ཐག་ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་མགྱོགས་མྱུར་ཐུབ་པ་བྱས་ཡོད་པ་རེད། འདི་ལོ་ཚུན་དུ། གྲོང་ཁྱེར་དེས་རྣམ་གྲངས་རྫུན་ཞུ་དང་མ་དངུལ་རྫུས་ལེན་བྱས་པའི་གནད་དོན་ཁག་22རྩད་གཅོད་མཐའ་གསལ་བྱས་པ་དང་། གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ་26ལ་ཚད་གཞི་མི་འདྲ་བའི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།