འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེའི་པོ་ཐོའུ་གྲོང་ཁྱེར་གྱིས་དེང་རབས་ལས་རིགས་སློབ་གསོར་བརྟེན་ནས་བཟོ་བོའི་གསོ་
    སྦྱོང་ལྟེ་གནས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་པོ་ཐོའུ་གྲོང་ཁྱེར་གྱིས་ལས་རིགས་སློབ་གསོར་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་། བཟོ་སློབ་ཟུང་འབྲེལ་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་ཐབས་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཞིང་། མིག་སྔར། པོ་ཐོའུ་གྲོང་ཁྱེར་དུ་པོ་ཐོའུ་གྲོང་ཁྱེར་ལས་རིགས་སློབ་གསོའི་ལྟེ་གནས་སྣེ་འདྲེན་དུ་བྱེད་པ་དང་། དམངས་གཉེར་འབྲིང་རིམ་ལས་རིགས་སློབ་གྲྭ་3དང་དུས་ཐུང་རྩལ་ནུས་གསོ་སྦྱོང་སྒྲིག་གཞི་6ཁ་གསབ་ཏུ་བྱས་པའི་ལས་རིགས་སློབ་གསོའི་དྲ་རྒྱ་ཆགས་ནས་འཕྲུལ་ཆས་བཟོ་སྐྲུན་ལག་རྩལ་དང་། ལུགས་ཆས་བཟོ་སྐྲུན་ལག་རྩལ། གྲངས་འཛིན་ཚོད་འཛིན་ལག་རྩལ་བེད་སྤྱོད་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱིས་ལོ་ལྟར་ཁེ་ལས་ལ་ལས་རིགས་སློབ་གསོའི་ཤེས་ལྡན་མི་སྣ་3000ཙམ་གཏོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།