འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་དར་ཁྱབ་ཆེ་བའི་སྐད་ཆ་རིགས་ཆེ་ཁག་བཅུ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་14ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་སྐད་ཆ་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལྟེ་གནས་ཀྱིས“2017ལོའི་ལོ་འཁོར་གྱི་ཀྲུང་གོའི་སྨྱན་སྦྱོར་གྱི་དར་ཁྱབ་ཆེ་བའི་སྐད་ཆ་རིགས་ཆེ་ཁག་བཅུ”ཁྱབ་བསྒྲགས་བྱས་ཤིང་། ད་ཐེངས་ཁྱབ་བསྒྲགས་བྱས་པའི་དར་ཁྱབ་ཆེ་བའི་སྐད་ཆ་རིགས་ཆེ་ཁག་བཅུ་སྟེ། “ཚོགས་ཆེན་བཅུ་དགུ་པ་དང་། དུས་རབས་གསར་པ། མཉམ་སྤྱོད། ཞུང་ཨན་ཁུལ་གསར། འབོ་གསེར་རྒྱལ་ཁབ། མི་ཐབས་རིག་ནུས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ། ལྷ་གྲུ་ཨང་དང་པོ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས། ‘ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས’”ཞེས་པ་བཅས་ཡིན།
         རྒྱལ་ཁབ་སྐད་ཆ་ཐོན་ཁུངས་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། 2017ལོའི་ལོ་འཁོར་གྱི་སྨྱན་སྦྱོར་གྱི་དར་ཁྱབ་ཆེ་བའི་སྐད་ཆ་རིགས་ཆེ་ཁག་བཅུ་ཡིས་ལོ་གཅིག་རིང་བརྗེད་པར་དཀའ་བའི་སྐབས་དོན་དང་། སྤྱི་ཚོགས་ཀྱི་གནས་ཚུལ། དམངས་སེམས་བཅས་བསྡུས་ཡོད་ལ་འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འཕོ་འགྱུར་ཡང་ཐོ་འགོད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།