འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།"གྲོང་ཚོ་ཁྲིའི་བྱ་སྤྱོད"དེ་རང་རྒྱལ་གྱི་ཁེ་ལས་དབུལ་སྐྱོར་གྱི་དཔེ་མཚོན་དུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་སོང་བ་དང་ཆབས་ཅིག་གཞུང་ཁོངས་ཁེ་ལས་ཀྱི“རྫོང་བརྒྱ་དང་གྲོང་ཚོ་ཁྲིའི”བྱ་སྤྱོད་དང་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་དེ་རང་རྒྱལ་གྱི་ཁེ་ལས་དབུལ་སྐྱོར་འགག་སྒྲོལ་གྱི་དཔེ་མཚོན་དུ་གྱུར་ཡོད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་སྤྱི་ཚོགས་དབུལ་སྐྱོར་སིའི་སི་ཀྲང་ཆུས་ཐན་ཅུན་གྱིས་ཉིན་ཤས་གོང་ཆིང་ཧྭ་སློབ་ཆེན་དུ་འཚོགས་པའི་2017ལོའི་ཀྲུང་གོའི་སྤྱི་ཚོགས་འགན་འཁྲིའི་སྤྱི་ཕན་གྱི་མཛད་སྒོ་གཟབ་རྒྱས་ཐོག་སྤྱི་ཚོགས་ཡོངས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་ནང་ཞུགས་རྒྱུ་ནི་རང་རྒྱལ་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད། འགན་འཁྲིའི་བསམ་པ་ལྡན་པའི་ཁེ་ལས་ཀྱིས་སྔོན་ལ་བྱ་སྤྱོད་སྤེལ་ནས་རང་འགུལ་ངང་བྱས་རྗེས་འཇོག་དགོས། རྒྱལ་ཁབ་ལ་གཞོགས་འདེགས་བྱས་ནས་ས་ཁུལ་དབུལ་པོ་ཞིག་དང་མི་འབོར་དབུལ་པོ་ཞིག་མི་ལུས་པ་བྱ་རྒྱུ་ནི་འགན་འཁྲི་ལྡན་པའི་ཁེ་ལས་མཁས་ཅན་ཚང་མས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཞིག་རེད་ཅེས་བཤད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ཕྱོགས་བསྡུས་ཅུས་ཀྱི་སྐོར་གཟིགས་པ་ལིའུ་ཡོན་གྱིས། ཀྲུང་དབྱང་ཁེ་ལས་ཀྱིས་རྒྱལ་ཁབ་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་རྫོང་246དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་ཡན་ལག་དང་ཉིང་ལག་སྒྲིག་གཞི་ཁག་གིས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་དབུལ་སྐྱོར་ས་ཚིགས་ཆིག་སྟོང་ཙམ་དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད་པ་རེད། ཀྲུང་དབྱང་གིས་གཞུང་ཁོངས་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། གཞུང་རྒྱུ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བའི་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁེ་ལས་ཞི་མཐུན་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ལག་བསྟར་བྱས་པ་དང་ཆབས་ཅིག་ཁེ་ལས་དང་སྤྱི་ཚོགས་ཀྱི་འགན་འཁྲིས་ཁྲིམས་འཛུགས་པའི་འབྲེལ་ཡོད་ལས་དོན་ཐད་ཞིབ་འཇུག་བྱས་ཡོད་ཅེས་བཤད།
        ཆུས་ཐན་ཅུན་གྱིས་གཞུང་ཁོངས་ཁེ་ལས་ཀྱི“རྫོང་བརྒྱ་དང་གྲོང་ཚོ་ཁྲིའི”བྱ་སྤྱོད་དང་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་དེ་རང་རྒྱལ་གྱི་ཁེ་ལས་དབུལ་སྐྱོར་ལས་དོན་གྱི་དཔེ་མཚོན་དུ་གྱུར་ཡོད། མིག་སྔར་དམངས་གཉེར་ཁེ་ལས་ཁྲི་3.53ཞུགས་ཡོད། “ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི”བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ཆེ་གྲས་བཅུའི་སྣེ་འདྲེན་དམག་ཏུ་གྱུར་ཡོད། ཁེ་ལས་ཆེ་ཆུང་ལ་མི་བལྟོས་པ་དང་དུས་ཚོད་སྔ་རྗེས་སུ་མི་བལྟོས་པར་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་དུད་ཚང་དབུལ་པོ་ཞིག་ལ་རོགས་སྐྱོར་བྱེད་པ་དང་གྲོང་ཚོ་དབུལ་པོ་ཞིག་ལ་རོགས་སྐྱོར་བྱ་རྒྱུ་གང་ཞིག་ནས་འགོ་བཙུགས་ཀྱང་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱུང་ན་དེ་ནི་བསྔགས་བརྗོད་བྱེད་འོས་པ་ཞིག་རེད་ཅེས་བཤད།
         2017ལོའི་ཀྲུང་གོའི་སྤྱི་ཚོགས་འགན་འཁྲིའི་སྤྱི་ཕན་གྱི་མཛད་སྒོ་གཟབ་རྒྱས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཁེ་ལས་དང་སྤྱི་ཚོགས་འགན་འཁྲི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་ཁེ་ལས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཞིབ་འཇུག་ལྷན་ཚོགས་སོགས་ཚན་པས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཝན་མའེ་དང་། ཧྲེན་ཏུང་རྡོ་སོལ་ཚོགས་པ། རྒྱལ་ཁབ་གློག་དྲ་སོགས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་དབུལ་སྐྱོར་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཆབས་ཅིག་གནད་དོན་ཁ་ཤས་ཉིན་བཞིན་མངོན་གསལ་དོད་དུ་སོང་བ་སྟེ། མི་འབོར་དབུལ་པོའི་གྲངས་འབོར་མང་བ་དང་ད་དུང་མི་འབོར་དབུལ་པོ་ཁྲི་4000ལྷག་ཙམ་ཡོད་པ་དང་། མི་འབོར་དབུལ་པོའི་གཞི་ཁྱོན་ཁྲི་200ནས་ཁྲི་300བར་གྱི་ཞིང་ཆེན་5དང་ཁྲི་100ནས་ཁྲི་200བར་གྱི་ཞིང་ཆེན་4ཡོད། ཤིན་ཏུ་དབུལ་བའི་འགག་སྒྲོལ་གྱི་དཀའ་གནད་ཆེ་བ་དང་རྫོང་དབུལ་པོ་229ནས་དབུལ་པོ་ཐོན་ཚད་18%ལྷག་ཙམ་ཟིན་པ་དང་གྲོང་ཚོ་དབུལ་པོ་ཁྲི་3ཙམ་ནས་དབུལ་པོ་ཐོན་ཚད་20%ལྷག་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།