འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་དགུན་དཔྱིད་ནམ་དུས་ཀྱི་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་ནམ་དུས་ཀྱི་ཡུལ་སྐོར་བྱེད་སྒོ་ཏུན་ཧོང་མིང་ཧྲ་རི་བོ·ཟླ་གམ་ཆུ་མིག་མཛེས་ལྗོངས་ཁུལ་དུ་སྤེལ་འགོ་ཚུགས་པ་རེད།
         སྐབས་འདིའི་དགུན་དཔྱིད་ནམ་དུས་ཡུལ་སྐོར་བྱེད་སྒོར་ཀན་སུའུ་ཡིས་རིག་གནས་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་དང་། ཆུ་ཚན་ལུས་གསོའི་ཡུལ་སྐོར། རྨ་ནུབ་དོག་ལམ་གྱི་པར་ལེན་ཡུལ་སྐོར་སོགས་ཁྱད་པར་ཅན་དང་ཁྱད་ལྡན་ཅན་གྱི་དགུན་དཔྱིད་ཡུལ་སྐོར་ལམ་ཐིག་24གཙོ་གནད་དུ་བཏོན་ནས་སྤྲོ་སྣང་གངས་འཁྱག་ཡུལ་སྐོར་དང་། ཁྱད་ལྡན་དམངས་སྲོལ་ཡུལ་སྐོར། མཐའ་ཁུལ་འཁྲབ་སྟོན་ལ་ལྟ་བའི་ཡུལ་སྐོར་སོགས་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་དགུན་དཔྱིད་ཡུལ་སྐོར་གྱི་བྱེད་སྒོ་རིམ་གྲས་ཆེན་པོ་བཅུ་བཏོད་པར་ཀན་སུའུ་ཡི་དགུན་དཔྱིད་ནམ་དུས་ཀྱི་རང་བྱུང་ཡུལ་ལྗོངས་དང་། ལོ་རྒྱུས་རིག་གནས། དམངས་སྲོལ་བྱེད་སྒོ་སོགས་འདུས་ཡོད་པ་རེད།
         བྱེད་སྒོ་སྤེལ་རིང་ས་གནས་དེས་མཛེས་ལྗོངས་ཁུལ་དང་། མགྲོན་ཁང་། མཁའ་འགྲུལ་སོགས་ཡུལ་སྐོར་ཁེ་ལས་ཀྱི་ཐོན་ལས་སྦྲེལ་ཐག་དུས་གཅིག་ཏུ་བསྡུ་སྒྲིལ་བྱས་ཏེ་སྡེབ་སྒྲིག་གི་གཟིགས་སྐྱོང་སྲིད་ཇུས་བཏོན་པ་རེད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁྱོན་186གིས་སྒོ་འཛིན་ཚང་མ་རིན་མི་ལེན་པའམ་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད་པ་དང་། སྐར་མ་རིམ་པའི་མགྲོན་ཁང་དང་གསོལ་མགྲོན་ཁང་800ལྷག་ཙམ་གྱིས་གོང་ཚད་ཤུགས་ཆེན་བཅག་ཡོད་པ་དང་། གོང་ཚད་གཅོག་ཚད་དམའ་ཤོས་བརྒྱ་ཆ་ཉི་ཤུ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།