འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་59.6ལ"དུས་ཆེན་གཉིས"ཀྱི་ཁ་
    གསབ་སྤྲོད་རྒྱུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་སྔར་བས་འགན་སྲུང་བྱས་ནས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་དགའ་གཏོང་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱིས“དུས་ཆེན་གཉིས”རིང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་59.6ལ་སྤྲོད་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་ཁྱོན་སྒོར་དུང་ཕྱུར་1.95སྤྲོད་རྒྱུ་ཡིན་པ་རེད།
         ཉེ་ཆར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་མཉམ་དུ་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་བྱ་ཡུལ། རྒྱལ་ཁབ་ཀྱི་འཆི་གོད་ཁ་གསབ་ལོངས་སྤྱོད་བྱེད་མཁན་གྱི་གཙོ་གནད་གཟིགས་སྐྱོང་བྱ་ཡུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་ཏང་ཡོན་རྒན་གྲས་བཅས་ལ་སྤྲོད་ཐེངས་གཅིག་གི“དུས་ཆེན་གཉིས”ཀྱི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའི་ལས་དོན་མི་སྣ་མ་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཁ་གསབ་ཚད་གཞི་ནི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མི་རེར་སྒོར་400དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་ཤིན་ཏུ་དབུལ་བའི་འཚོ་སྐྱོང་བྱ་ཡུལ་མི་རེར་སྒོར་300 གཙོ་གནད་གཟིགས་སྐྱོང་བྱ་ཡུལ་མི་རེར་སྒོར་460བཅས་རེད།
         མཚོ་སྔོན་ཞིང་ཆེན་གྱིས་ས་ཆ་ཁག་ལ་གནམ་ལོ་གསར་ཚེས་གོང་ཁ་གསབ་དངུལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྲངས་ཚང་སྤྲོད་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དབུལ་པོར་དུས་ཐོག་ཏུ་སྐབས་འཕྲལ་རོགས་སྐྱོབ་སོགས་ཐབས་ལམ་བརྒྱུད་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།