འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་སྲིད་ཇུས་ཡར་རྒྱས་སྟོན་གྲངས"སྐབས་གཉིས་པ་ཡོངས་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་སྤྱི་ཕན་ཞིབ་འཇུག་ཁང་གིས“2017འིཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་སྲིད་ཇུས་ཡར་རྒྱས་སྟོན་གྲངས”ཡོངས་བསྒྲགས་བྱས་ཤིང་། སྟོན་གྲངས་ལས་མངོན་པར་2016ལོའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་སྲིད་ཇུས་ཡར་རྒྱས་སྟོན་གྲངས་མིང་གྲལ་གྱི་ཨང་དང་པོ་ནས་བཅུ་པའི་བར་གྱི་ཞིང་ཆེན་ནི་རིམ་པ་བཞིན་པེ་ཅིང་དང་། ཀྲེ་ཅང་། ཐེན་ཅིན། ཧྲན་ཤིས། ཧྥུའུ་ཅན། ཅང་སུའུ། ཀན་སུའུ། ཧྲང་ཧའེ། མཚོ་སྔོན། ཧྲའན་ཤིས་བཅས་རེད།
         སྟོན་གྲངས་དེ་ནི་པེ་ཅིང་དགེ་འོས་སློབ་ཆེན་ཀྲུང་གོ་སྤྱི་ཕན་ཞིབ་འཇུག་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་ཡིན་པ་དང“2016ལོའི་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་སྲིད་ཇུས་ཡར་རྒྱས་སྟོན་གྲངས”དང་བསྡུར་ན། ད་ཐེངས་2015དང་2016ལོ་གཉིས་ཀྱི་རྒྱལ་ཡོངས(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཕུད)ཀྱི་ཞིང་ཆེན་31གི་དབང་པོ་སྐྱོན་ཅན་གྱི་སྲིད་ཇུས་གསར་གཏོད་གནས་ཚུལ་ལ་གོ་རིམ་ལྡན་པའི་ངང་གདེང་འཇོག་བྱས་པ་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་སྲིད་ཇུས་ཡར་རྒྱས་སྟོན་གྲངས་དང་དམིགས་ཚད་མ་ལག་འཛུགས་པའི་ཐད་དངོས་ཡོད་དང་། དྲང་གཞག གོ་རིམ་ལྡན་པ། གདེང་འཇོག་ཆོག་པ་བཅས་ཀྱི་རྩ་དོན་ལ་གཞིགས་ཡོད། རྨང་གཞིའི་གྲངས་གཞིའི་ཡོང་ཁུངས་གཙོ་བོ་ནི་ཞིང་ཆེན་31གི་མི་དམངས་སྲིད་གཞུང་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། སློབ་གསོ་སྡེ་ཚན་སོགས་ཀྱི་གཞུང་ཕྱོགས་དྲ་ཚུགས་ཐོག་གི་ཡོངས་བསྒྲགས་ཆ་འཕྲིན་རེད།
         སྲིད་ཇུས་གསར་གཏོད་ཆེ་ཁག་ལྔ་ལས་དབང་པོ་སྐྱོན་ཅན་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་བ་སྟེ།
         དྲག་སྐྱེད་ཞབས་ཞུ། ཞིང་ཆེན་28ཀྱིས་འབྲེལ་ཡོད་སྲིད་ཇུས་བཏོན་པས་དྲག་སྐྱེད་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཞིང་ཆེན་28ཀྱིས་སྲིད་ཇུས་བཏོན་ནས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུའི་མ་ལག་བཙུགས་པ་རེད།
         རིན་མེད་སློབ་གསོ། རྒྱལ་ཡོངས་སུ་ཁྱབ་ཅིང་། པེ་ཅིང་སོགས་ཞིང་ཆེན་14ཡིས་སྔ་སྣུར་དུ་ལོ་15བར་སྣུར་སྲིང་བྱས་ཡོད། ཞིང་ཆེན་31ཚང་མས་འབྲེལ་ཡོད་སྲིད་ཇུས་བཏོན་ནས་དབང་པོ་སྐྱོན་ཅན་བྱིས་པའི་རིན་མེད་སློབ་གསོ་ཁྱབ་གདལ་བཏང་བ་རེད།
         ཁ་གསབ་ལམ་ལུགས། ཁ་གསབ་ལམ་ལུགས་ཁག་གཉིས་ཕྱོགས་ཡོངས་ནས་ཡོངས་ཁྱབ་བྱུང་བ་དང་ཅང་སུའུ་དང་ཀྲེ་ཅང་གི་ཚད་གཞི་མཐོ་ཤོས་ཡིན་ཞིང་། 2016ལོའི་ལོ་མཇུག་བར་ཞིང་ཆེན་24ཡིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་ཞིང་ཆེན་3གྱིས་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་མིང་ཐོག་དང་ཞིང་ཆེན་4ཡིས་སྡེ་ཚན་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་བསམ་འཆར་བཏོན་པ་དང་འབྲེལ་ལག་ལེན་བསྟར་ཡོད། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ལམ་ལུགས་ཁག་གཉིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་བཙུགས་པ་རེད།
         དབུལ་སྐྱོར་གསར་སྤེལ། ས་གནས་མང་པོས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ནུབ་རྒྱུད་ཞིང་ཆེན་གྱི་སྐུལ་འདེད་གཏོང་ཤུགས་ཆེ་ཤོས་རེད། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་ཞིང་ཆེན་22ཀྱིས་དབང་པོ་སྐྱོན་ཅན་གྱི་ཆེད་དོན་དབུལ་སྒྲོལ་འགག་སྒྲོལ་འཆར་འགོད་དམ་ཡང་ན་འབྲེལ་ཡོད་སྲིད་ཇུས་བཏོན་ནས་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
         ཉོ་སྒྲུབ་ཞབས་ཞུ། 2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཞིང་ཆེན་19ཡིས་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་འབྲེལ་ཡོད་སྲིད་ཇུས་བཏོན་པ་དང་ཞིང་ཆེན་13གྱི་གསར་གཏོད་བྱེད་ཤུགས་ཆེ་ཙམ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།