འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་གློག་སྒུལ་རླངས་འཁོར་གྱི་སྤྱི་པའི་གློག་གསོག་ཡོ་བྱད་ཁྲི་20ཙམ་བཙུགས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན། གསར་འགོད་པར“ཀྲུང་གོའི་གློག་སྒུལ་རླངས་འཁོར་གློག་གསོག་གློག་བརྗེའི་ཞབས་ཞུ་གསར་གཏོད་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ”ནས་ཤེས་རྟོགས་བྱུང་བར། ཟླ་10པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་རང་རྒྱལ་དུ་སྤྱི་པའི་གློག་གསོག་ཡོ་བྱད་ཁྲི་19.5བཙུགས་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་82%མང་དུ་ཕྱིན་ཡོད། སྒེར་གྱི་གློག་གསོག་ཡོ་བྱད་ཁྲི་18.8ཡོད་པ་དེ་དུས་མཚུངས་ལས་214%མང་དུ་ཕྱིན་ནས་གྲོང་མིའི་ཆེད་སྤྱོད་གློག་གསོག་ཡོ་བྱད“སྡེ་ཁུལ་དུ་འཛུགས་དཀའ་བ”དང“སྦྲེལ་མཐུད་དཀའ་བའི”གནད་དོན་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།