འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་སུ་གཞི་ཁྱོན་ཆེ་བའི་ཏན་ཞ་ས་གཤིས་ཀྱི་རྗེས་ཤུལ་མཛེས་ལྗོངས་ཁུལ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན་གསར་འགོད་པས་ཧྲའན་ཤིས་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར། ན་ནིང་ཧྲའན་ཤིས་ལྷོ་ཕྱོགས་ཀྱི་ཧན་ཀྲུང་དུ་འཛམ་གླིང་རིམ་པའི་འོབས་དོང་མང་པོ་ཡོད་པའི་ས་གཤིས་ཀྱི་རྗེས་ཤུལ་རྙེད་རྗེས་ཧྲའན་ཤིས་ཞིང་ཆེན་ས་གཤིས་བརྟག་དཔྱད་ཁང་གི་ལས་དོན་པར་འདི་ལོ་སླར་ཡང་ཧྲའན་པའེ་དང་ཝེ་པེ་ས་ཁུལ་ནས་གཞི་ཁྱོན་ཆེ་བའི་ཏན་ཞ་ས་དབྱིབས་ཀྱི་རྗེས་ཤུལ་རྙེད་པ་རེད། ཧྲའན་ཤིས་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ཏན་ཞ་ས་དབྱིབས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལག་རྩལ་དཔྱད་ཞིབ་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་ཚོགས་པས་འདི་ནི་མིག་སྔར་རྒྱལ་ནང་དུ་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་ཀྱི་ཏན་ཞ་ས་གཤིས་ཀྱི་རྗེས་ཤུལ་མཛེས་ལྗོངས་ཁུལ་ཡིན་པའི་དཔྱད་འདོམས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།