འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་དང་པོ་འཕེན་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་རྒྱལ་གྱིས་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་དང་པོ་འཕེན་གཏོང་བྱས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན་གྱི་ཆུ་ཚོད་24དང་སྐར་མ་40སྐབས། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པར་བརྟེན་ནས་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་དང་པོ་བདེ་བླག་ངང་མཁའ་དབྱིངས་སུ་འཕངས་ནས་གཏན་འཁེལ་གྱི་འཁོར་ལམ་དུ་འཕེན་གཏོང་ལམ་ལྷོངས་བྱུང་སྟེ། འཕེན་གཏོང་གི་འོས་འགན་བདེ་ལེགས་ངང་འགྲུབ་པ་རེད།
            ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་དང་པོ་ནི་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་ཀྱི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ཐོག་མ་ཡིན་ལ། དེ་ནི་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་ཐོག་མའང་རེད། འདི་ནི་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་རྒྱང་སྒྲོག་གློག་འཕྲིན་དང་། མཁོ་བསྟུན་འཕྲིན་གཏོང་། རྒྱང་གཏོང་སློབ་གསོ། གློག་རྡུལ་སྲིད་དོན། ཁེ་ལས་འཕྲིན་གཏོང་། ཤོང་ཆེའི་དྲ་སྦྲེལ། སྐར་མའི་ཕྱོགས་སྟོན་ནུས་པ་ཆེ་རུ་གཏོང་བའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་རྒྱུ་ཡིན་པ་རེད།
            ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་དང་པོ་དང་རྒྱང་སྐྱོད་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སིའི་ཁོངས་གཏོགས་ཀྱི་ཀྲུང་གོའི་བར་སྣང་ལག་རྩལ་ཞིབ་འཇུག་ཁང་དང་ཀྲུང་གོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ཞིབ་འཇུག་ཁང་གཉིས་ཀྱིས་ཞིབ་འཇུག་བཟོ་སྐྲུན་བྱས་ཤིང་། ཚད་ལེན་ཚོད་འཛིན་གྱི་ལས་འགན་ནི་ཤིས་ཨན་སྲུང་སྐར་ཚད་ལེན་ཚོད་འཛིན་ལྟེ་གནས་དང་། ཀྲུང་གོའི་སྲུང་སྐར་མཚོ་ཐོག་ཚད་ལེན་ཚོད་འཛིན་པུའུ་སོགས་ཀྱིས་མཉམ་དུ་ལེགས་གྲུབ་བྱས་པ་རེད། ད་རེས་ཀྱི་ལས་འགན་ནི་རྒྱང་སྐྱོད་མ་ལག་གི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་258པ་ཡིན་པ་རེད།
    ༄༅།།རང་རྒྱལ་གྱིས་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་དང་པོ་འཕེན་གཏོང་བྱས་པ།
    ༄༅།།རང་རྒྱལ་གྱིས་ཨར་ཅི་རི་ཡ་རྒྱལ་ཁབ་ཀྱི་འཕྲིན་གཏོང་སྲུང་སྐར་དང་པོ་འཕེན་གཏོང་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།