འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། དབུལ་སྐྱོར་ཁྱབ་ཁོངས་སུ་ལས་ཀའི་སྤྱོད་ཚུལ་ལེགས་པོ་མེད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་དོད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཚེས་8ཉིན་《དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་བརྡ་ཐོ་》ཁྱབ་བསྒྲགས་བྱས་ནས་2018ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལོར་གཏན་འཁེལ་བྱས་པ་དང་འབྲེལ་རྒྱལ་ཡོངས་མངའ་ཁོངས་སུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་གནད་དོན་ལའང་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རེད།
         《བརྡ་ཐོའི་》ནང་དབུལ་སྐྱོར་ཁྱབ་ཁོངས་སུ“འདུ་ཤེས་བཞི”བརྟན་པོ་མེད་པ་དང་། འགན་འཁྲི་དོན་འཁྱོལ་མི་བྱེད་པ། ལས་ཀའི་བྱ་ཐབས་གནད་སྨིན་མིན་པ། མ་དངུལ་དོ་དམ་དང་བཀོལ་སྤྱོད་ཚད་ལྡན་མེད་པ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་མེད་པ། དཔྱད་ཞིབ་དང་ལྟ་སྐུལ་ནན་པོའི་བླང་བྱ་མི་འདང་བ་སོགས་ཀྱི་གནད་དོན་ལ་གཙོ་བོར་དམིགས་ནས་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་གསལ་པོ་བཏོན་ཡོད། 《བརྡ་ཐོའི་》ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་འགན་འཁྲི་ཁག་བགོས་གཞིར་བཟུང་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་དབུལ་སྐྱོར་ལས་དོན་ལ་གནས་པའི་སྤྱོད་ཚུལ་གནད་དོན་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་སྡོད་རོགས་སྐྱོར་ཚད་ལྡན་དུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལེགས་སུ་གཏོང་བ། གཞི་རིམ་གྱི་འགན་འཁྲི་ཆུང་དུ་གཏོང་བ། དབུལ་སྐྱོར་གསར་སྤེལ་གྱི་གྲངས་གཞི་ཆེན་པོའི་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ། རྫོང་རིམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྣམ་གྲངས་མཛོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་དང་དཔྱད་དཔོག་ནན་པོ་བྱེད་པ། མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་སོགས་ལ་བརྟེན་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།