འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་འོད་ཤུགས་དབུལ་སྐྱོར་དེ་བས་མང་བ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧྲན་ཤིས་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འཕེལ་རིམ་མགྱོགས་སུ་གཏོང་ཆེད། ཤིན་ཏུ་དབུལ་བའི་ས་ཁུལ་ལ་ཞིང་ཆེན་འོད་ཤུགས་དབུལ་སྐྱོར་དེ་བས་མང་བ་བྱེད་པ་དང་ཤིན་ཏུ་དབུལ་བའི་རྫོང་དང་གྲོང་ཚོར་གཙོ་གནད་དུ་ཁྱབ་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་མི་འབོར་ཁྲི་28.47འབབ་འཕར་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།
         ཧྲན་ཤིས་ནི་ས་སེར་ས་མཐོའི་ཤར་རྒྱུད་དུ་གནས་པ་དང་ས་ཁུལ་དབུལ་པོ་མང་ཆེ་བར་ཉི་འོད་རབ་ཏུ་འཕྲོ་བ་དང་རི་རྒོད་དང་ལ་རྒོད་རྒྱ་ཆེ་བས་འོད་ཤུགས་གློག་ཁང་འཛུགས་པར་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། 2014ལོའི་ཟླ་10པར་ཧྲན་ཤིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་འོད་ཤུགས་དབུལ་སྐྱོར་གྱི་ཚོད་ལྟ་བྱ་ཡུལ་ཁག་དང་པོའི་ཞིང་ཆེན་དུ་གཏན་འཁེལ་བྱས་པ་རེད།
         གྲངས་གཞི་ལས་མངོན་པར་ཧྲན་ཤིས་ཀྱིས་འོད་ཤུགས་དབུལ་སྐྱོར་ཚོད་ལྟ་བྱས་ཚུན། རིམ་རྩིས་བརྒྱབ་ན་གྲོང་ཚོ་རིམ་པའི་གློག་ཁང་712དང་ས་ངོས་ཀྱི་གཅིག་སྡུད་གློག་ཁང་18བསྐྲུན་ཟིན་ཞིང་། མིག་སྔར་ཚང་མ་དྲ་སྦྲེལ་གློག་བཏང་ནས་གྲོང་ཚོ་དབུལ་པོ་2000ཡན་གྱི་མཉམ་སྡེབ་དཔལ་འབྱོར་འཕར་བར་ཕན་པ་ཐོབ་པ་དང་དེ་ལས་དུད་ཚང་དབུལ་པོ་ཁྲི་7ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།