འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྤུ་ཧྲེང་གི་རྒྱན་གོས། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྤུ་ཧྲེང་གི་རྒྱན་གོས།
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་རྒྱན་གོས་ཤིག་ད་བར་སོར་ཉར་བྱས་ཡོད་པ་དེར། སྤུ་ཧྲེང་གི་རྒྱན་གོས་ཟེར་བ་དང་། འབོད་ཚུལ་གཞན་ལ་མཁའ་འགྲོ་མའི་རྒྱན་གོས་ཀྱང་ཟེར། རྒྱན་གོས་དེར་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། སྤུ་ཧྲེང་རྒྱན་གོས་དེ་མཚར་སྡུག་ཉམས་དང་ལྡན་ལ་ཧ་ཅང་རྩ་ཆེ་བས། མིག་སྔར་གཙོ་བོ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་དུད་ཚང་7གྱིས་མེས་པོས་ལོ་ངོ་བརྒྱ་ཕྲག་བརྒྱུད་པའི་སྤུ་ཧྲེང་རྒྱན་གོས་ཆ་ཚང་7ཉར་ཚགས་བྱས་པ་དེ་དག་དུས་ཆེན་ཤར་རིམ་བཞིན་གྱོན་གྱི་ཡོད།
           “རྒྱན་གོས་དེ་མི་རབས་བཅུ་ཙམ་བརྒྱུད་ཡོད། སྤུ་ཧྲེང་རྒྱན་གོས་བུ་མོས་མ་གཏོགས་བུས་རྒྱུན་འཛིན་བྱེད་ཀྱི་མེད”ཅེས་སྤུ་ཧྲེང་གི་རྒྱན་གོས་ཡོད་མཁན་པ་སངས་བུ་ཁྲིད་ཀྱིས་བརྗོད་པ་དང་། ཁོ་མོས་གྱོན་པའི་སྤུ་ཧྲེང་གི་རྒྱན་གོས་དེ་མགོ་རྒྱན་དང་། སྐེ་རྒྱན། བེར་ཆེན། གསེར་གྱི་རྣ་ལོང་སོགས་ལས་གྲུབ་པ་དང་དེའི་ཐོག་བརྒྱན་པའི་དངུལ་དང་། གཡུ། མུ་ཏིག མ་ན་ཧུ། སྤོས་ཤེལ་སོགས་རིན་ཆེན་གྱི་རྒྱན་ཆའི་རིན་ཐང་གཞལ་དུ་མེད།
            ཤེས་རྟོགས་བྱས་པ་བརྒྱུད། སྤུ་ཧྲེང་གི་མཁའ་འགྲོའི་རྒྱན་གོས་གསར་གཏོད་ཀྱི་རིག་པ་རྨ་བྱའི་སྒྲོ་གུར་ཕུབས་པ་ལས་རྙེད་པ་དང་། རྒྱན་གོས་དྲས་འཚེམ་ནས་རྒྱན་ཆ་འདོགས་པའི་བར་རྨ་བྱའི་མཛེས་སྡུག་ཡོངས་སུ་མངོན་པ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་བཅུག་ཟིན་པ་རེད།
    ༄༅།།ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྤུ་ཧྲེང་གི་རྒྱན་གོས།
      

    ཕྱོགས་བསྡུས་གསར་འགྱུར།