འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།"ལོ་ལྔ་ཚན་བཅུ་གསུམ་པའི"རིང་རང་རྒྱལ་གྱི་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིག་པའི་ཞིབ་འཇུག་
    ལྟེ་གནས་ཐོག་མ་མར་ཐ་རུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིག་པའི་ཞིབ་འཇུག་ལྟེ་གནས་ཐོག་མ་སྟེ། “མར་ཐ་རྒྱ་རིག་པའི་ཞིབ་འཇུག་ལྟེ་གནས”ཚེས་29ཉིན་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཤིང་། ལྟེ་གནས་དེ་བཙུགས་པ་ལས་རང་རྒྱལ་གྱིས་རྒྱ་རིག་པའི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་གསར་གཏོད་ཞིབ་འཇུག་དང་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད།
           མིང་རྟགས་འགོད་པའི་མཛད་སྒོ་དེ་ཀྲུང་གོའི་ཕྱི་སྦྱོང་ཤེས་ལྡན་པའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་པ་ཞིག་རེད། རྣམ་གྲངས་དེ་ཀྲུང་གོའི་ཕྱི་སྦྱོང་ཤེས་ལྡན་པའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་རྒྱ་རིག་པའི་ཞིབ་འཇུག་ཁང་གིས་ལག་བསྟར་ལས་དོན་གྱི་འགན་འཁུར་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིག་པ་ཁྱབ་སྤེལ་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ཚོང་ལས་རྣམ་པའི་ཞིབ་འཇུག་ལས་དོན་གཙོ་གནད་ཐོག་སྤེལ་རྒྱུ་ཡིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མར་ཐ་ཕུད། ད་དུང་ཨ་རི་དང་། ཨུ་རུ་སུ། ཀེ་རི་སེ། ཧྥ་རན་སེ་སོགས་རྒྱལ་ཁབ་11ཏུ་རྒྱ་རིག་པ་ཞིབ་འཇུག་ལྟེ་གནས་རིམ་བཞིན་བཙུགས་ནས་རྒྱ་ཡིག་སློབ་གཞི་ཞིབ་སྤེལ་བྱས་ཏེ་མཐོ་རིམ་གྱི་རྒྱའི་རིག་གནས་འཆད་ཁྲིད་དགེ་རྒན་གྱི་གསོ་སྦྱོང་ལས་དོན་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།