འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྨན་བཅོས་རུ་ཁག་གིས་རུ་ཝང་ཏའི་སྨན་ཁང་ལ་ཞལ་འདེབས་བརྒྱབ་པའི་སྨན་རྫས་
    དང་འཕྲོད་བསྟེན་ཡོ་བྱད་རྩིས་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཁག་བཅོ་བརྒྱད་པའི་རུ་ཝང་ཏར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཚེས་28ཉིན་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལིར་ཡོད་པའི་མཱ་ས་ཁཱ་སྨན་ཁང་དུ་ཞལ་འདེབས་བརྒྱབ་པའི་སྨན་རྫས་དང་འཕྲོད་བསྟེན་ཡོ་བྱད་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་འཚོགས་ཏེ་མཱ་ས་ཁཱ་སྨན་ཁང་ལ་ཀྲུང་གོས་རོགས་སྐྱོར་བྱས་པའི་སྨན་རྫས་དང་འཕྲོད་བསྟེན་ཡོ་བྱད་ཁག་གཅིག་དངོས་སུ་རྩིས་སྤྲད་པ་རེད།
          རུ་ཝང་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཚན་ཙན་ཀྲང་ལི་ཡུང་གིས་རྩིས་སྤྲོད་རྩིས་ལེན་མཛད་སྒོའི་ཐོག ཀྲུང་གོ་ནི་རུ་ཝང་ཏར་རྒྱུན་སྡོད་སྨན་བཅོས་རུ་ཁག་མངགས་གཏོང་བྱེད་མཁན་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན། སྨན་བཅོས་རུ་ཁག་གི་རུ་མི་ཚོས་ལེ་དབར་ཁྲི་ཕྲག་ཆོད་པར་མ་འཛེམས་པར་རུ་ཝང་ཏར་ཡོང་སྟེ་རུ་ཝང་ཏའི་མི་དམངས་ལ་ཞབས་འདེགས་ཞུས་ནས་ཀྲུང་རུ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཚོན་པར་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་མཱ་ས་ཁཱ་སྨན་ཁང་ནི་ཀྲུང་གོ་དང་རུ་ཝང་ཏའི་མཛའ་གྲོགས་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན། ཉིན་དེར་མཱ་ས་ཁཱ་སྨན་ཁང་ལ་སྨན་རྫས་དང་འཕྲོད་བསྟེན་ཡོ་བྱད་ཞལ་འདེབས་བརྒྱབ་པ་ནི་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་དཔང་རྟགས་གཞན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་རོགས་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         མཱ་ས་ཁཱ་སྨན་ཁང་གི་ཡོའན་ཀྲང་ཝུའུ་ཝེ་ཙི་ཡེ་ཡིས་མཱ་ས་ཁཱ་སྨན་ཁང་གིས་བེད་སྤྱོད་པའི་སྒྲིག་ཆས་མང་ཆེ་བ་ཀྲུང་གོས་ཞལ་འདེབས་བརྒྱབ་པ་ཤ་སྟག་རེད། ཀྲུང་གོས་སླར་ཡང་སྨན་རྫས་དང་འཕྲོད་བསྟེན་ཡོ་བྱད་ཞལ་འདེབས་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་སྨན་བཅོས་སྒྲིག་ཆས་ལག་རྩལ་ཉམས་གསོ་ཚོགས་ཆུང་གིས་སྨན་ཁང་གི་སྒྲིག་ཆས་སྲུང་སྐྱོང་བྱེད་རོགས་བྱས་པར་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁག་བཅོ་བརྒྱད་པའི་རུ་ཝང་ཏར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་རུ་དཔོན་ལུའུ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་དེར་སྨན་བཅོས་རུ་ཁག་གིས་སྨན་ཁང་ལ་རྩིས་སྤྲད་པའི་སྨན་རྫས་དང་འཕྲོད་བསྟེན་ཡོ་བྱད་ཀྱི་གྲས་སུ་སྦིར་སྨན་རྒྱག་ཆས་དང་། གཤགས་བཅོས་ཉལ་ཁྲི། ལྟ་སྲུང་ཡོ་བྱད། ཁ་སྦུག་ཚན་ཁག་གི་ཡོ་བྱད། ཕྱི་བཅོས་ཚན་ཁག་གི་འཚེམ་སྐུད་སོགས་ཡོད་པ་རེད།
          1982ལོ་ནས་བཟུང་། ཀྲུང་གོས་རུ་ཝང་ཏར་སྨན་བཅོས་རུ་ཁག་གཏོང་འགོ་ཚུགས་པ་དང་། ད་བར་དུ་མི་བརྒྱ་གྲངས་ཁ་ཤས་བཏང་ཡོད་པ་རེད། ཁག་བཅོ་བརྒྱད་པའི་རུ་ཝང་ཏར་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་དེ་རུས་ནད་ཚན་ཁག་དང་། ཁོང་ནད་ཚན་ཁག ཕྱི་ནད་ཚན་ཁག ཁ་སྦུག་ཚན་ཁག གསེར་ཁབ་ཚན་ཁག སྦིར་སྨན་ཚན་ཁག བུ་བཙའ་ཚན་ཁག་བཅས་ཀྱི་སྨན་པ་ལས་གྲུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།