འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོའི་བོད་བརྒྱུད་ནང་བསྟན་དགོན་པར་རླུང་འཕྲིན་དང་བརྙན་འཕྲིན་ཤར་གཏོང་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་དོན། མིག་སྔའི་བར་ཀན་ལྷོ་ཀྲོའུ་ཡི་བོད་བརྒྱུད་ནང་བསྟན་དགོན་པར་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་100%ཟིན་ནས་ཀྲོའུ་ཡོངས་ཀྱི་དགོན་སྡེ་115ཡི་གྲྭ་ཤག་6299ལ་སྲུང་སྐར་བསྡུ་ལེན་སྒྲིག་ཆས་དང་ཚུན་28ཀྱི་བརྙན་འཕྲིན་སྤྲད་པ་རེད།
          ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་121ཡོད་པར་གྲྭ་བཙུན་10331ཡོད་ཅིང་། ཀྲོའུ་དེས་2015ལོར་ཁྱོན་མ་དངུལ་མི་དམངས་ཤོག་སྒོར་ཁྲི་884བཏང་སྟེ“གྲྭ་ཤག་ཀུན་ཁྱབ”རྣམ་གྲངས་ལག་ལེན་བསྟར་བར་ཉེ་དུས་ཚང་མ་ཞིབ་བཤེར་རྩིས་ལེན་ཟིན་པ་རེད།
         ཀན་ལྷོ་གཙོས་གྲོང་ཁྱེར་ཆུ་རྫོང་རྙིང་མ་དགོན་དོ་དམ་ཨུ་ལྷན་གྱི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དགོན་སྡེ་གྲོང་ཚོ་དང་གྲོང་ཁྱེར་དང་ཐག་རིང་པོ་ཡོད། བརྙན་འཕྲིན་ལྟ་རྒྱུ་ཡོད་པ་ནས་བཟུང་དགོན་སྡེའི་དགེ་འདུན་པས་ཕྱི་རོལ་ཡུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཤེས་རྟོགས་ཡག་པོ་ཐུབ་པ་མ་ཟད། དུས་སྟོན་གལ་ཆེན་དང་ཚོགས་འདུ་གལ་ཆེན་དཔེར་ན་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འགོ་འཛུགས་མཛད་སྒོ་སོགས་བསྟན་སྐབས་དགོན་སྡེ་ཡོངས་ཀྱི་དགེ་འདུན་པས་མཉམ་དུ་བརྙན་འཕྲིན་ལྟ་གི་ཡོད་པ་རེད།
          འགན་ཁུར་བ་དེས་བོད་བརྒྱུད་ནང་བསྟན་གྱི་དགོན་པར་ཐོས་བསམ་ལ་གཞོལ་བའི་ལམ་ལུགས་ནན་པོ་ཡོད། དགེ་འདུན་པས་ཉིན་ལྟར་ཞོགས་པའི་ཆུ་ཚོད་ལྔ་པར་ལངས་ཏེ་ཞོགས་ཚོགས་འཚོགས་ཀྱི་ཡོད། ཉིན་དགུང་ངམ་ཡང་ན་མ་ཉལ་གོང་མ་གཏོགས་བརྙན་འཕྲིན་ལྟ་ཆོག་གི་མེད། གཙོ་བོ་ཨ་མདོའི་འཕྲིན་ལམ་དང་། ཁམས་པའི་འཕྲིན་ལམ། མཚོ་སྔོན་བོད་སྐད་འཕྲིན་ལམ་སོགས་ཀྱི་མི་རིགས་རིག་གནས་རིགས་ཀྱི་ལེ་ཚན་ལྟ་བ་དང་སྐབས་རེ་ཉིན་དགུང་གསར་འགྱུར་ཡང་ལྟ་གི་ཡོད། དེ་ལས་དགེ་འདུན་པའི་སློབ་གསེང་གི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།