འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བྷེ་ཨུ་རུ་སུའི་ཙུང་ཐུང་གིས"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་ནང་ཞུགས་པས་མཉམ་
    ལས་ཀྱི་གོ་སྐབས་གསར་པ་ཐོབ་བྱུང་ཞེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་29ཉིན། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁེ་ཡིས་བྷེ་ཨུ་རུ་སུ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་པས་བྷེ་ཧ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་འགྲོ་རྒྱུར་གོ་སྐབས་གསར་པ་ཐོབ་ཡོད་ཅེས་གསུངས། 
         བྷེ་ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དེ་ཉིན་ལུའུ་ཁ་ཧྲེན་ཁེས་འཚམས་འདྲིར་ཕེབས་པའི་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲར་པ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་སྐབས། དཔལ་འབྱོར་འགྲན་ནུས་དེ་ཚན་རྩལ་གྱི་གྲུབ་འབྲས་གསར་ཤོས་དང་དངུལ་རྩའི་ལག་ཆ་སྤྱོད་མིན་གྱི་ཚད་གཞིར་རག་ལུས་ཡོད། བྷེ་ཧ་རྒྱལ་ཁབ་གཉིས་པོ“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”དུ་གནས་པས་བྷེ་ཨུ་རུ་སུ་ཕྱོགས་ཀྱིས“བྲག་ཆེན”ཀྲུང་བྷེ་བཟོ་ལས་གླིང་དེ་རིམ་པ་མཐོ་བའི་ཚན་རྩལ་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་གསར་གཏོད་གླིང་དུ་བསྐྲུན་རྒྱུའི་རེ་བ་བྱེད་པ་དང་། ཧ་སག་སི་ཐན་གྱིས་ཀྱང་རྒྱལ་ས་ཨ་སི་ཐ་ན་དེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་སུ་ཧུར་ཐག་སྐྲུན་བཞིན་ཡོད། དེར་བརྟེན་བྷེ་ཧ་རྒྱལ་ཁབ་གཉིས་པོ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཐུན་མོང་ཐོག་ཞུགས་ཚེ། རྒྱལ་ཁབ་གཉིས་པོ་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རིམ་ནང་ཞུགས་ཚད་སྔར་བས་མགྱོགས་སུ་འགྲོ་ཐུབ་ཅེས་གསུངས། 
         “བྲག་ཆེན”ཀྲུང་བྷེའི་བཟོ་ལས་གླིང་མེན་སི་ཁེ་གནམ་ཐང་གི་ཉེ་འགྲམ་དུ་བསྐྲུན་པ་དང་དེ་ནི་བྷེ་ཨུ་རུ་སུའི་ཚོང་འགུཌ་མ་འདྲེན་གྱི་རྣམ་གྲངས་ཆེ་ཤོས་ཤིག་རེད་ལ། ཀྲུང་གོ་དང་བྷེ་ཨུ་རུ་སུའི་མཉམ་ལས་རྣམ་གྲངས་གལ་ཆེན་ཞིག་ཀྱང་རེད། མིག་སྔའི་བར། ཀྲུང་གོ་དང་། བྷེ་ཨུ་རུ་སུ། ཨུ་རུ་སུ། ཨོ་སི་ཁྲུ་རི་ཡ། ཨ་རི། ལི་ཐུ་ཝན་བཅས་ཀྱི་ཁེ་ལས་དེའི་ནང་ཞུཌ་ཡོད། 
         ལུའུ་ཁ་ཧྲེན་ཁེ་ཡིས་ད་དུང་ཧ་སག་སི་ཐན་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྒྲོམ་གཞིའི་འོག་གི་རྒྱལ་སྒྲོལ་སྐྱེལ་འདྲེན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་པ་དང་། འཆར་གཞི་འདིའི་ནང་མཉམ་དུ་ཞུགས་ཚེ། རྒྱལ་ཁབ་གཉིས་པོའི་སྐྱེལ་འདྲེན་བགྲོད་ལམ་རྒྱ་ཆེར་གཏོང་རྒྱུ་དང་སྔར་ལས་མྱུར་ལ་སྟབས་བདེ་བའི་ཡོ་རོབ་དང་ཨེ་ཤེས་ཡའི་དངོས་ཟོག་སྐྱེལ་འདྲེན་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་རྒྱུར་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་ངོས་འཛིན་གནང་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།