འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པ་
    ཨུ་རུ་སུ་དང་རི་པིན་སོགས་རྒྱལ་ཁབ་མང་པོར་འཚམས་འདྲིར་སྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་སྤྱི་གཞོན་པ་ཧོ་དབྱི་ཐིང་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ལི་ཅུན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལས་རོགས་ཧྲེན་པེ་ལི་བཅས་ཀྱིས་ཟླ་བ་འདིར་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པ་ཁག་གི་སྣེ་འཁྲིད་དེ་རི་པིན་དང་། ཧན་གོ ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོར་འཚམས་འདྲིར་བསྐྱོད་ནས་ཚོགས་ཆེན་བཅུ་དགུ་པའི་གནས་ཚུལ་གཙོ་བོ་དང་དོན་སྙིང་གལ་ཆེན་ངོ་སྤྲོད་བྱས་པ་རེད།
           རི་པིན་དུ་འཚམས་འདྲི་བྱེད་སྐབས། ཧོ་དབྱི་ཐིང་གིས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་ཨེར་ཅེ་ཅུན་པོ་དང་ཀུང་མིང་ཏང་གི་ལས་འཛིན་དཔོན་ཅིན་ཧྲང་དབྱི་ཅིའུ་དང་དེ་བཞིན་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧྲེན་ཡོན་ཏིང་ཀྲེང་སོགས་དང་ཐུག་འཕྲད་གནང་ནས་སྲིད་འཛིན་དང་སྲིད་འཛིན་མིན་པའི་སྲིད་ཏང་དང་། མཛའ་གྲོགས་ཚོགས་པ། སྨྱན་སྦྱོར་གཙོ་བོ་དང་ཇུས་འདོན་ཚོགས་པ། དེ་བཞིན་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཚོགས་འདུ་འཚོགས་ཏེ་ཚོགས་ཆེན་བཅུ་དགུ་པའི་གནས་ཚུལ་དང་དེ་བཞིན་ཀྲུང་རིའི་འབྲེལ་བ་སོགས་རི་པིན་ཕྱོགས་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
          ཧན་གོར་འཚམས་འདྲི་བྱེད་རིང་། ཧོ་དབྱི་ཐིང་གིས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་ཧན་གོའི་རྒྱལ་ཚོགས་དང་སྲིད་ཏང་དང་སྲིད་གཞུང་གི་འགན་ཁུར་བ་དང་ཐུག་འཕྲད་གནང་སྟེ་ཧན་གོའི་སྲིད་འཛིན་དང་སྲིད་འཛིན་མིན་པའི་ཏང་དོན་མི་སྣ་གཙོ་བོ་དང་། མཛའ་གྲོགས་ཚོགས་པ། སྨྱན་སྦྱོར་གཙོ་བོ་དང་ཇུས་འདོན་ཚོགས་པའི་མི་སྣ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཙོ་བོ་དང་དོན་སྙིང་གཙོ་བོ་ངོ་སྤྲོད་བྱས་པ་རེད།
          མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་རིང་། ཧོ་དབྱི་ཐིང་གིས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་མོང་གོལ་མི་དམངས་ཏང་འགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྲིད་གཞུང་གཞུང་དོན་ཐིང་གི་ཀྲུའུ་རེན་ཙན་ཏན་ཧྲ་ཐའར་དང་དམངས་གཙོ་ཏང་གི་ཀྲུའུ་ཞི་བསོད·ཨེའར་ཏེང་སོ་སོ་དང་ཐུག་འཕྲད་གནང་ནས་མོང་གོལ་རྒྱལ་ཁབ་ཀྱི་སྲིད་ཏང་དང་། གྲོས་ཚོགས། སྲིད་གཞུང་། དཔལ་འབྱོར་ལས་རིགས་བཅས་དང་། དེ་བཞིན་སྨྱན་སྦྱོར་གཙོ་བོ་དང་ཇུས་འདོན་ཚོགས་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཙོ་བོ་དང་དོན་སྙིང་གཙོ་བོ་ངོ་སྤྲོད་བྱས་པ་རེད།
          ཨུ་རུ་སུར་འཚམས་འདྲི་བྱེད་རིང་། ལི་ཅུན་གྱིས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་གཅིག་གྱུར་ཨུ་རུ་སུ་ཏང་དང་ཐུན་མོང་ཐོག་གཉེར་བའི་ཀྲུང་ཨུའི་སྲིད་ཏང་གི་གླེང་སྟེགས་ཆེད་དོན་ཚོགས་འདུ་དང་ཏང་གཉིས་པོའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་གཞུང་དྲང་ཨུ་རུ་སུ་ཏང་གི་འགོ་ཁྲིད་མི་སྣ་དང་ཐུག་འཕྲད་གནང་སྟེ་ཨུ་རུ་སུའི་སྨྱན་སྦྱོར་གཙོ་བོའི་བཅར་འདྲི་དང་ལེན་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་གྲུབ་འབྲས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད།
          ཨ་ཟེར་བྷེ་ཇན་དུ་འཚམས་འདྲི་བྱེད་རིང་ལི་ཅུན་གྱིས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་གྲོས་དཔོན་ཨ་ས་ཏོ་ཕུའུ་དང་། ཙུང་ལི་གཞོན་པ། ཕྱི་འབྲེལ་པུའུ་ཀྲང་སོགས་སོ་སོ་དང་ཐུག་འཕྲད་གནང་སྟེ་གྲོས་མི་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར་གྱི་འཐུས་མི་བཅས་དང་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་འཚོགས་ཏེ་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད།

    ཁེར་གྷི་སི་ཐན་དུ་འཚམས་འདྲི་བྱེད་རིང་ཧྲེན་པེ་ལིས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་ཁེར་གྷི་སི་ཐན་སྤྱི་ཚོགས་དམངས་གཙོ་ཏང་གི་གྲོས་ཚོགས་ཀྱི་ཏང་ཚོགས་པའི་ཀྲུའུ་ཞི་ཨའོ་མུའར་ཁུའུ་ལྷོ་ཕུའུ་དང་ཁེར་གྷི་སི་ཐན་གུང་ཁྲན་ཏང་མིའི་ཏང་གི་ཀྲུའུ་ཞི་མ་སའེ་ལི་ཡེ་ཕུའུ་དང་གྲོས་ཚོགས་ཀྱི་སྲིད་ཏང་ཁག་གི་འགོ་ཁྲིད་མི་སྣ་དང་ཐུག་འཕྲད་གནང་སྟེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་རེད།

    ཨུ་ཟ་བྷེ་ཁི་སི་ཐན་དུ་འཚམས་འདྲི་བྱེད་རིང་། ཧྲེན་པེ་ལིས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པའི་སྣེ་འཁྲིད་དེ་གྲོས་ཚོགསས་ཀྱི་ཁྲིམས་འཛུགས་ཁང་གི་གྲོས་དཔོན་གཞོན་པ་ཨའོ་ཐ་མུའུ་ལ་ཐོ་ཕུའུ་དང་། དེ་བཞིན་སྲིད་ཏང་ཁག་གི་འགོ་ཁྲིད་མི་སྣ་དང་བཞུགས་མོལ་སྤེལ་རེས་བྱས་ནས་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཧྥ་ཅི་ཡེ་ཕུའུ་དང་། དེ་བཞིན་ཡུག་རེན་གྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཀྱི་ཀྲུའུ་རེན་ས་དབྱི་ཏོ་ཕུའུ་དང་ཐུག་འཕྲད་གནང་སྟེ་ཆེད་དོན་དྲིལ་བསྒྲགས་དང་ངོ་སྤྲོད་ཚོགས་འདུ་འཚོགས་ནས་ཡུག་རེན་སྲིད་གཞུང་དང་། གྲོས་ཚོགས། སྲིད་ཏང་། ཇུས་འདོན་ཚོགས་པ། མཐོ་སློབ། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་འཐུས་མི་100ལྷག་ཙམ་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ངོ་སྤྲོད་བྱས་པ་དང་སྦྲགས། ཡུག་རེན་གྱི་སྨྱན་སྦྱོར་མང་པོའི་བཅར་འདྲི་དང་ལེན་ཡང་བྱས་པ་རེད།

    དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་འཚམས་འདྲི་བྱེད་རིང་། རི་པིན་དང་། ཧན་གོ མོང་གོལ་རྒྱལ་ཁབ། ཨུ་རུ་སུ། ཨ་ཟེར་བྷེ་ཇན། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཕྱོགས་ཁག་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་ཐུབ་པ་བྱུང་བ་དང་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་དང་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་བྱས་ཏེ་ཀྲུང་གོ་དང་ཕྱོགས་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།