འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ལོ་60ཡན་གྱི་རྒན་རྒོན་60%ཡིས་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོ་ཚུན་དུ། མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཁྱིམ་སྡོད་རྨང་གཞི་དང་། སྡེ་ཁུལ་བརྟེན་ས། སྒྲིག་གཞིས་ཁ་གསབ་བཅས་བྱེད་པའི“སྨན་བཅོས་དང་རྒན་གསོ་ཟུང་འབྲེལ”གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་སྒྲིག་གཞི་10བསྐྲུན་ཟིན་པ་དང་། གྲོང་མི་ཞབས་ཞུའི་ནང་ཞུགས་ཚད་མི་ཐེངས་ཁྲི་30ལས་བརྒལ་བ། ཞིང་ཆེན་ཡོངས་སུ་སྲིད་གཞུང་གི་འགྲོ་སོང་བཏང་བའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་སྤྱི་ཚོགས་རྩ་འཛུགས་དང་ཁྱིམ་ལས་ཀུང་སི་120ལྷག་ཙམ་ཟིན་པས་གྲོང་མིའི་རྒན་གསོའི་སྤུས་ཚད་ཧ་ཅང་མཐོ་རུ་ཕྱིན་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་སྒྲིག་གཞིར་རྒན་གསོའི་ཁྲོད་སྨན་བཅོས་ཡོད་པ་དང་། སྨན་བཅོས་ཁྲོད་རྒན་གསོ་ཡོད་པ། སྨན་བཅོས་དང་རྒན་གསོ་གཞི་གཅིག་ཅན་བཅས་ཀྱི་རྣམ་པ་གསུམ་ཚུད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རྒན་རྒོན་850ཙམ་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་སྒྲིག་གཞིར་སྤོས་པ་དང་སྒྲིག་གཞི་དེ་དག་གིས་རྒན་རྒོན་ཚོར་གཟུགས་པོ་བརྟག་དཔྱད་དང་། སྨན་བཅོས་ནད་གཡོག དྲག་སྐྱེད་སྨན་བཅོས། གཅོང་ནད་ཕོག་པའི་རྒན་རྒོན་ལ་གཡོག་བྱེད། ནད་གཞི་སྔོན་འགོག་སོགས་ཀྱི་འབྲེལ་ཡོད་ཞབས་འདེགས་ཞུ་གི་ཡོད་པ་རེད།
           མིག་སྔར་མཚོ་སྔོན་གྱིས་ཁྱིམ་སྡོད་རྒན་གསོ་བདམས་པའི་མི་ཚོགས་ལ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་འདེགས་ཞུས་པ་དང་འབྲེལ། བདེ་ཐང་ཡིག་ཚགས་བཟོས་པ་དང་། ལོ་60ཡན་གྱི་རྒན་རྒོན་གྱིས་གན་རྒྱ་འཇོག་ཚད་60%ཟིན་ཡོད་པ་རེད། སྨན་བཅོས་སྒྲིག་གཞིས་གན་རྒྱ་བཞག་པའི་རྒན་རྒོན་ལ་ལོ་རེར་བདེ་ཐང་གནས་ཚུལ་གྱི་ཚོད་སྐོར་ཐེངས་རེ་བྱེད་ཀྱི་ཡོད་པ་དང་འབྲེལ། བདེ་ཐང་དང་། སྔོན་འགོག བདེ་སྲུང་སོགས་ཐད་ཀྱི་ཁྲིད་སྟོན་ཡང་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།