འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཏུང་ཕོ་རིག་གནས་དུས་ཆེན་སྐབས་བརྒྱད་པ་མེ་ཧྲན་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་མེ་ཧྲན་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་ཏུང་ཕོ་རིག་གནས་དུས་ཆེན་སྐབས་བརྒྱད་པ་དང་སི་ཁྲོན་རོལ་དབྱངས་གཟའ་འཁོར་སྐབས་དང་པོ་མེ་ཧྲན་དུ་མཇུག་འགྲིལ་ཞིང་། རུས་མིང་སུའུ་ཅན་གྱི་གྲགས་ཅན་མི་སྣ་གསུམ་གྱི་ཕ་ཡུལ་ཡིན་པའི་ཆ་ནས། མེ་ཧྲན་གྱིས་ཏུང་ཕོ་རིག་གནས་ཀྱི་ནང་དོན་གཙོ་བོ་རྒྱུན་འཛིན་བྱས་ཤིང་། ཐེངས་འདིའི་རིག་གནས་དུས་ཆེན་ཐོག“འཛམ་གླིང་གི་སུའུ་ཏུང་ཕོ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། ཏུང་ཕོ་རིག་གནས་ཀྱི་འཛམ་གླིང་རང་བཞིན་དང་མིའི་རིགས་ཀྱི་ཐུན་མོང་གི་བསམ་པའི་དོན་གཉེར་འབུར་དུ་ཐོན་པར་བྱས་ཏེ་ཏུང་ཕོ་རིག་གནས་ཀྱི་དེང་རབས་རྒྱུན་འཛིན་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་ཡོད་པ་རེད། དུས་ཡུན་ཉིན་ལྔའི་བྱེད་སྒོའི་ཁྲོད། རྒྱལ་ཁབ་ཕྱི་ནང་གི་སུའུ་རིག་པའི་རིག་གཅིག་མཁས་ཅན་དང་། སུའུ་ཚང་གི་རིགས་རུས་ཆོ་འབྲང་། ཏུང་ཕོའི་གནའ་ཤུལ་དང་རྗེས་ཤུལ་བཅས་ཀྱི་འཐུས་མི་ཁྱོན་ཆིག་སྟོང་ལྷག་ཙམ་མེ་ཧྲན་དུ་འཛོམས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཏུང་ཕོ་རིག་གནས་དུས་ཆེན་ནི་2010ལོ་ནས་བཟུང་མེ་ཧྲན་དང་། ཏན་ཀྲོའུ། ཧུའེ་ཀྲོའུ། ཧོང་ཀང་བཅས་གྲོང་ཁྱེར་བཞིས་རེས་མོས་ཀྱིས་གཉེར་བ་དང་། སྐབས་འདིའི་རིག་གནས་དུས་ཆེན་གྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། འགོ་ཚུགས་མཛད་སྒོའི་ཐོག“ཏུང་ཕོའི་སྙན་ངག་གྱེར་འདོན”ལེ་ཚན་གྱིས་སུའུ་ཏུང་ཕོ་དང་ཞུའེ་ལའེ་དང་། ཀེ་ཏེ། ཕུའུ་ཞི་ཅིན། སུང་ཝེ་པཱ་ཅའོ་སོགས་སྙན་ངག་པ་དང་ཡུལ་དུས་བརྒལ་ནས་གླེང་མོལ་བྱེད་དུ་བཅུག་པ་དང་ཆབས་ཅིག ཅིན་ཅུས་ཁྲང་ཞི་དང་། མཉམ་དཀྲོལ་རོལ་མོ། སི་ཁྲོན་ལུགས་ཀྱི་rap པཱ་ལེ་ཞབས་བྲོ། རྩལ་རྩེད་སོགས་དང་ལྷན་དུ་གར་སྟེགས་གཅིག་ནས་གྱེར་འདོན་བྱས་ཏེ། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་སྒྱུ་རྩལ་མཉམ་འདྲེས་མངོན་པ་བྱས་ཡོད། སུའུ་ཏུང་ཕོའི་སྐུ་ཚེ་ཧྲིལ་པོའི་ཞབས་རྗེས་གྲོང་ཁྱེར་བཅོ་བརྒྱད་ལ་འཁོད་ཡོད་ཅིང་། བྱེད་སྒོའི་རིང་། གྲོང་ཁྱེར་བཅོ་བརྒྱད་ཀྱིས་ཐེངས་དང་པོར་ལག་གདང་སྦྲེལ་ནས་ཏུང་ཕོའི་གནའ་ཤུལ་དང་རྗེས་ཤུལ་གྱི་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་འཚོགས་པའི་ཐོག་ཐོན་ཁུངས་བསྡུ་སྒྲིལ་དང་ཤུལ་བཞག་མཉམ་སྤྱོད་བྱས་ནས་ཏུང་ཕོ་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཅི་ཐུབ་བྱས་པ་དང་། “ཧྲང་དབྱི་ཏུང་ཕོ”ཀྲུང་གོའི་དེང་རབས་ཡིག་གཟུགས་མཁན་པོའི་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་བྱས་ཐོག ཀྲུང་གོ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་དེ་བཞིན་གཟེངས་བསྟོད་ཐོབ་པའི་ན་གཞོན་རྩོམ་པ་པོ་སོགས་ཡིག་གཟུགས་མཁས་ཅན་160ཡི་བརྩམས་ཆོས་འགྲེམས་སྟོན་བྱས་པ་དེ་ནི་སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཡོངས་རང་བཞིན་གྱི་ཡིག་གཟུགས་མཁས་ཅན་གྱི་བརྩམས་ཆོས་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། རྒྱལ་ཡོངས་ཀྱི་ཏུང་ཕོ་སློབ་གྲྭ་72ཀྱི་ཞའོ་ཀྲང་མེ་ཧྲན་དུ་འཛོམས་ནས“ཏུང་ཕོ་རིག་གནས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས”དང“སྲོལ་རྒྱུན་རིག་གནས་དང་དེང་རབས་སློབ་གསོ་བསྡུ་སྒྲིལ”སོགས་ཀྱི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། ཏུང་ཕོ་རིག་གནས་ཀྱི་རྒྱལ་སྤྱིའི་རིག་གཞུང་མཐོ་རིམ་གླེང་སྟེགས་ཐོག་ཏུང་ཕོ་རིག་གནས་ཀྱི་དེང་རབས་རིན་ཐང་སྐོར་ལ་དཔྱད་བསྡུར་བྱས་པ་དང་ཆབས་ཅིག མེ་ཧྲན་དེ་ཉིད་ཏུང་ཕོ་རིག་གནས་ཀྱི་རྒྱལ་སྤྱིའི་རིག་གཞུང་མཐོ་རིམ་གླེང་སྟེགས་འཚོག་ཡུལ་གཏན་འཇགས་སུ་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།