འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་པའེ་རིགས་དང་ཕུའུ་སྨི་རིགས་ཀྱི་རང་སྐྱོང་རྫོང་འབའ་ཞིག་དེས་ལོ་30འཁོར་
    བའི"སྐྱེས་སྐར"ལ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་ཡུན་ནན་ལན་ཕིང་པའེ་རིགས་དང་ཕུའུ་སྨི་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་གླུ་ལེན་གར་འཁྲབ་ཀྱིས་རང་རྒྱལ་གྱི་པའེ་རིགས་དང་ཕུའུ་སྨི་རིགས་རང་སྐྱོང་རྫོང་འབའ་ཞིག་དེ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྟེན་འབྲེལ་ཚོགས་པ་དང་ཡུན་ནན་ཞིང་ཆེན་གྱི་རྟེན་འབྲེལ་ཚོགས་པ་སོགས་ཕྱོགས་ཁག་གི་སྐུ་མགྲོན་རྟེན་འབྲེལ་བྱེད་སྒོར་ཞུགས་ཡོད་པ་རེད།
         ལན་ཕིང་རྫོང་ནི་རྒྱལ་ཡོངས་ཀྱི་པའེ་རིགས་དང་ཕུའུ་སྨི་རིགས་ལ་མིང་བཏགས་པའི་མི་རིགས་རང་སྐྱོང་རྫོང་འབའ་ཞིག་དེ་ཡིན་པ་དང་བསྡོམས་མི་འབོར་ཁྲི་21.6ཡོད་པ་རེད། དེའི་ཁོངས་སུ་པའེ་རིགས་དང་། ཕུའུ་སྨི་རིགས། ལི་སུའུ་རིགས། ནུའུ་རིགས་སོགས་གྲངས་ཉུང་མི་རིགས་14ཡོད་པའི་ཁྲོད་པའེ་རིགས་ཀྱིས་45.9%བཟུང་བ་དང་ཕུའུ་སྨི་རིགས་ཀྱིས་8.7%བཟུང་ཡོད། ལན་ཕིང་རྫོང་ཡུན་ནན་ནུབ་བྱང་གི“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རང་བྱུང་ཤུལ་བཞག་གི་དབུས་སུ་གནས་པས“གཙང་གསུམ་གྱི་སྒོ”ཞེས་བརྗོད་ཀྱི་ཡོད། 1987ལོའི་ཟླ་11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལན་ཕིང་པའེ་རིགས་དང་ཕུའུ་སྨི་རིགས་རང་སྐྱོང་རྫོང་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།