འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་པའི་བར་བཟོ་ལས་ཀྱི་ཁེ་སྤོགས་ཅུང་མྱུར་པོའི་ངང་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤེལ་བའི་བཟོ་ལས་ཁེ་ལས་ཀྱི་ནོར་དོན་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་23.3%འཕར་ནས་འཕར་ཚད་ཟླ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་0.5ཡིས་མཐོ་བ་ཡོད་པ་མ་ཟད་གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་དངུལ་གྲངས་དུས་མཚུངས་ལས་18.1%ཆག་ཡོད་པ་རེད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་བཟོ་ལས་སིའི་འབུམ་རམས་པ་ཧོ་ཕིང་པོ་ཡིས་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་ཅུང་མྱུར་པོའི་ངང་འཕར་བ་དང་དུས་མཚུངས་ཁེ་ལས་ཀྱི་ཕན་འབྲས་ཀྱང་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་ཅེས་དབྱེ་ཞིབ་བྱས་པ་རེད།
         མ་གནས་འགྲོ་གྲོན་རྒྱུན་མཐུད་ངང་ཆག་པ་དང་ཁེ་སྤོགས་རྒྱུན་མཐུད་ངང་འཕར་ཞིང་། ཟླ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་བརྒྱ་རེའི་ཁྲོད་མ་གནས་འགྲོ་གྲོན་སྒོར་92.84ཡིན་པ་དེ་དུས་མཚུངས་ལས་སྒོར་0.51ཆག་པ་དང་། དེའི་ནང་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་བརྒྱ་རེའི་ཁྲོད་མ་གནས་སྒོར་85.46ཟིན་ནས་དུས་མཚུངས་ལས་སྒོར་0.26ཆག་པ། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་བརྒྱ་རེའི་ཁྲོད་འགྲོ་གྲོན་སྒོར་7.38ཟིན་ནས་དུས་མཚུངས་ལས་སྒོར་0.25ཆག་པ་རེད།
         གྱོང་གུན་ཕོག་པའི་ཁེ་ལས་ཉུང་དུ་ཕྱིན་པ་དང་གྱོང་གུན་ཕོག་ཚད་ཆག་ཅིང་། ཟླ་དང་པོ་ནས་བཅུ་པའི་བར་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཁྲོད་གྱོང་གུན་ཕོག་པའི་ཁེ་ལས་དུས་མཚུངས་ལས་1.6%ཉུང་དུ་ཕྱིན་པ་དང་། གྱོང་གུན་ཕོག་པའི་ཁེ་ལས་ལ་གྱོང་གུན་ཕོག་ཚད་དུས་མཚུངས་ལས་18.1%ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།