འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དར་གོས་ལམ་བུའི་སྒྱུ་རྩལ་ཚོགས་པས་ལྷོ་ཨ་ཧྥེ་རི་ཁར་འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་དར་གོས་ལམ་བུའི་སྒྱུ་རྩལ་ཚོགས་པའི་ལྷོ་ཨ་ཧྥེ་རི་ཁའི་ཆེད་དོན་འཁྲབ་སྟོན་ཚེས་26ཉིན་གྱི་དགོང་མོར་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་རྒྱལ་སྤྱིའི་ཚོགས་འདུའི་ལྟེ་གནས་སུ་བྱས་པས། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ས་གནས་དེ་གའི་ཡུལ་མི་600ལྷག་ཙམ་གྱི་དགའ་བསུ་ཐོབ་པ་རེད།
         ཀྲུང་གོའི་དར་གོས་ལམ་བུའི་སྒྱུ་རྩལ་ཚོགས་པ་ནི་བུད་མེད་ཆུ་ཤེལ་རོལ་ཚོགས་དང་ཀྲུང་གོ་པེ་ཅིང་མཉམ་འབྲེལ་རྒྱུད་མང་རོལ་ཚོགས་ཀྱི་ཁོངས་མི་ལས་གྲུབ་པ་ཞིག་རེད། ཀྲུང་གོའི་སྒྱུ་རྩལ་པ་ཚོས་《སྲོལ་རྒྱུན་རོལ་མོ་གྲགས་ཅན་》དང་《ཀྲུང་གོ·ང་ཁྱེད་ལ་དགའ་》སོགས་གཅིག་རྗེས་གཉིས་མཐུད་དུ་མཉམ་དཀྲོལ་བྱས་པས་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
         ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཙུའོ་ཀྲུང་དབྱི་དང་། ཁའེ་ཕུའུ་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ཁང་གི་སྤྱི་ཁྱབ་ཁེ་སྐྱོང་བ་གཞོན་པ་ཚའོ་ལི། ལྷོ་ཨ་ཧྥེ་རི་ཁའི་ཤིས་ཁའེ་ཕུའུ་ཞིང་ཆེན་སྲིད་གཞུང་གི་དཔོན་རིགས་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།