འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བཟོ་སྐྲུན་ཁང་དུ་ཆ་སྙོམས་ལོ་56ཙམ་གྱི་ཡོན་ཧྲི་67མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་27ཉིན་པེ་ཅིང་གྲོང་ནུབ་ཆུས་འཁྱགས་དོང་ཁ་རུ་གནས་པའི་ཀྲུང་གོ་བཟོ་སྐྲུན་ཁང་དུ་2017ལོར་གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་67གྱི་ཁྲོད་ནས་ལ་ལ་གཞུང་དོན་དུ་སྐྱོད་པ་དང་ལ་ལ་དགོངས་པ་ཞུས་པ་ཕུད་མང་ཆེ་བ་སླེབས་ཡོད་པ་རེད།
         "དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད་ལ་འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད"ཡོན་ཧྲི་གསར་པ་ཚོས་སྔ་ས་ནས་སྙན་ཞུ་ཐིང་དུ་ཡོང་ནས་ཡོན་ཧྲིའི་ལག་ཁྱེར་ལེན་པའི་བརྗིད་ཆེའི་དུས་དེ་རེ་སྒུག་བྱས་ནས་བསྡད།
         འདི་ལོའི་ཀྲུང་གོ་བཟོ་སྐྲུན་ཁང་གི“ཚོགས་འདུ་གསར་པ་བསུ་བ”ཞེས་པ་དེར་སྔ་མ་དང་མི་འདྲ་བའི་རྣམ་པ་གསར་པ་ལྡན་པ་སྟེ། གཅིག་ནི་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཕྱི་ལོ་འདེམས་ཐོན་བྱེད་པའི་ལོའི་ཁྲོད་ནས་ལོ་ཕྱེད་སྔ་སྣུར་བྱས་པ་དང་། གཉིས་ནི་གསར་དུ་བདམས་ཐོན་བྱུང་བའི་ཡོན་ཧྲིའི“རྒྱབ་སྐྱོར་ཚོགས་པ”སྟེ་ནང་མི་དང་ཚོགས་པའི་ཁོངས་མི་གཙོ་བོ་ཡང་ལག་ཁྱེར་སྤྲོད་པའི་མཛད་སྒོར་ཐེངས་དང་པོར་གདན་ཞུས་བྱས་ཡོད་པ་རེད།
         ཚེས་27ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གིས་འདི་ལོ་ཡོན་ཧྲི་གསར་འདེམས་བྱས་པའི་འབྲས་བུ་ཡོངས་བསྒྲགས་བྱས་པ་སྟེ། ཡོན་ཧྲི་དང་རིག་གཞུང་ཚོགས་པ་མིང་འདོན་དང་རེས་སྐོར་གཉིས་ཀྱི་ཚོགས་འདུའི་ཐོག་ཞིབ་དཔྱད་དང་འདེམས་བསྐོ་བྱས་པ་བརྒྱུད། གདམ་བྱའི་འོས་མི་533ཡི་ཁྲོད་ནས་གསར་དུ་བདམས་ཐོན་བྱུང་བའི་ཡོན་ཧྲི་67ཐོན་ཡོད་པ་རེད།
         གསར་དུ་བདམས་ཐོན་བྱུང་བའི་ཡོན་ཧྲིའི་ཁྲོད་སྐྱེས་པ་63ཡོད་པ་དེས་94%བཟུང་བ་དང་། བུད་མེད་4ཡོད་པ་དེས་6%བཟུང་ཡོད་པ་རེད། ལོ་ཆུང་ཤོས་49དང་མཐོ་ཤོས་67ཡིན་པ་དང་། ཆ་སྙོམས་ལོ་ཚད་56.37ཟིན་པ། ལོ་60(ཚུད་པ)མན་ཆད་ཀྱིས་85%བཟུང་བ་དང་ཕུལ་བྱུང་གི་དར་མ་དང་གཞོན་ནུ་བཟོ་སྐྲུན་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་དེ་བས་མང་བ་བདམས་ཐོན་བྱུང་ཡོད་པ་རེད། ཁེ་ལས་དང་གཞི་རིམ་འཐབ་ས་དང་པོ་ནས་ཡོང་བའི་བཟོ་སྐྲུན་ཚན་རྩལ་རིགས་གཅིག་མཁས་ཅན་མི་ཉུང་བ་ཞིག་དང་དེ་བཞིན་ཡུན་རིང་ཤིན་ཅང་དང་ཀན་སུའུ་སོགས་ནུབ་རྒྱུད་མཐའ་མཚམས་དང་ཐག་རིང་ས་ཁུལ་དུ་ལས་ཀ་བྱེད་མཁན་ཕུལ་བྱུང་རིགས་གཅིག་མཁས་ཅན་ཡང་བདམས་ཐོན་བྱུང་ཡོད་པ་རེད།
         དབྱིན་ཇིའི་གོང་མ་ཚང་གི་བཟོ་སྐྲུན་ཁང་གི་ཡོན་ཀྲང་ཨན་ཏའོ་ལིན་དང་པིའར·ཀེ་ཚེ་དང་། མ་ཧྲེང་རང་བྱུང་བཟོ་སྐྲུན་སློབ་གླིང་གི་སློབ་སྤྱི་ལེ་ཨོའུ·ལ་ཧྥེའར·ལའེ་ཧུའུ་སོགས་ཕྱི་ཁོངས་རིགས་གཅིག་མཁས་ཅན་18ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱི་ཁོངས་ཡོན་ཧྲིར་བདམས་ཐོན་བྱུང་ཡོད་ཅིང་། མིག་སྔའི་བར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཕྱི་ཁོངས་ཡོན་ཧྲི་66བར་མང་དུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།