འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུག་ཆུ་འབྲིང་ཆུང་3200ལྷག་ཙམ་གྱི་ཆུ་ནུས་ཐོན་ཁུངས་གསར་སྤེལ་འཆར་འགོད་བཟོ་
    བཅོས་ལེགས་འགྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། ཆུ་བེད་པུས་འཚོགས་པའི་ལྗང་མདོག་ཆུ་ཤུགས་གློག་ཁང་ཆུང་གྲས་བསྐྲུན་རྒྱུའི་ལས་དོན་གྱི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྗང་མདོག་ཆུ་ཤུགས་གློག་ཁང་ཆུང་གྲས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱུག་ཆུ་འབྲིང་ཆུང་3200ལྷག་ཙམ་གྱི་ཆུ་ནུས་ཐོན་ཁུངས་གསར་སྤེལ་གྱི་འཆར་འགོད་བཟོ་བཅོས་ལེགས་འགྲུབ་ཟིན་པ་ལས་གྲོང་གསེབ་ཆུ་ཤུགས་གློག་ཁང་གི་གཞི་ཁྱོན་དང་། བཀོད་པ། གསར་སྤེལ་བྱེད་ཐབས། སྣོད་བཅུད་ཀྱི་ཤུགས་རྐྱེན་ཚོད་སྐོར་སོགས་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་དང་ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་ཕན་འབྲས་དང་གཤོངས་ཚད་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རོགས་བྱས་ཏེ་རྒྱུག་ཆུའི་སྣོད་བཅུད་ཉམས་བཟོ་བྱ་ཤུགས་མགྱོགས་སུ་བཏང་ནས་གྲོང་གསེབ་ཆུ་ཤུགས་གློག་ཁང་གི་བཀོད་པ་སྔར་བས་ལེགས་སུ་བཏང་ཡོད་པ་བཅས་རེད།
         གྲོང་གསེབ་ཆུ་ཤུགས་གློག་ཁང་ནི་ཆུ་བེད་དང་ནུས་རྒྱུ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། གྲོང་གསེབ་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་གྱི་རྟེན་གཞི་གལ་ཆེན་ཞིག་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་དང་དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་གྱི་ཡོད། ཆུ་བེད་པུའུ་ཡིས་དུས་རབས་གསར་པའི་ལྗང་མདོག་ཆུ་ཤུགས་གློག་ཁང་ཆུང་གྲས་བསྐྲུན་པའི་དམིགས་ཚད་ལས་འགན་བཏོན་པ་དེ་འཆར་འགོད་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པ་དང་། འཛུགས་སྐྲུན་དོ་དམ་ཚད་དང་ལྡན་ལ་གོ་རིམ་ལྡན་པ། བཀོད་གཏོང་འཁོར་སྐྱོད་ནུས་པ་མཐོ་ལ་བདེ་འཇགས་ལྡན་པ། ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ནན་ཏན་ཐུབ་པ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། སྣོད་བཅུད་མ་ལག་གི་ཞབས་ཞུའི་ནུས་པ་ལེགས་པ། ལྗང་མདོག་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བཅས་རེད། གོམ་སྟབས་རྗེས་མར་ཆུ་བེད་པུའུ་ཡིས་སྲིད་གཞུང་གི་སྣེ་ཁྲིད་དང་། ཁེ་ལས་བྱེད་པོ། ཚད་ལྡན་སྣེ་ཁྲིད། སྲིད་ཇུས་འདེགས་སྐྱོར་བཅས་ཀྱི་ལྗང་མདོག་ཆུ་ཤུགས་གློག་ཁང་ཆུང་གྲས་འཛུགས་སྐྲུན་ལམ་སྲོལ་ནུས་ཤུགས་ཡོད་རྒུས་བཟོས་ནས་ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་སྤུས་ཚད་མཐོར་གཏོང་དང་། ནུས་ཕྱོད་ཆེར་གཏོང་། རིམ་པ་སྤོར་བ་བཅས་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།