འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་བཟོས་པའི་མི་མེད་ཐད་འཕུར་གནམ་གྲུ་གསུམ་གྱིས་ས་མཐོར་ཚོད་འཕུར་བྱེད་
    པ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉིན་ཤས་གོང་ཅང་ཤིས་ཞིང་ཆེན་རྒྱལ་སྲུང་ཚན་རྩལ་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། དམག་དམངས་མཉམ་འདྲེས་གཏིང་ཟབ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་བབ་འོག ཅིང་ཏེ་ཀྲེན་དུ་གནས་པའི་མཁའ་འགྲུལ་བཟོ་ལས་ཀྱི་ཐད་འཕུར་གནམ་གྲུས་རང་བརྟེན་ཞིབ་བཟོ་བྱས་པའི་མི་མེད་ཐད་འཕུར་གནམ་གྲུ་གསུམ་ཟླ་10པའི་ཟླ་མཇུག་ནས་ཟླ་11པའི་ཟླ་དཀྱིལ་བར་མཚོ་བོད་ས་མཐོར་ཚོད་འཕུར་བྱས་ནས་དེ་དག་ས་མཐོར་སྤྱོད་པའི་ཁྱད་འཕགས་ནུས་པར་ཚོད་ལྟ་ཞིབ་དཔྱད་བྱས་པ་རེད།
         མི་མེད་ཐད་འཕུར་གནམ་གྲུ་གསུམ་ནི“དམག་སྤྱང”རྟགས་ཅན་གྱི་ཕྱིས་བརྡུང་གཞི་གཅིག་གི་མི་མེད་ཐད་འཕུར་གནམ་གྲུ(AV500W)དང་། “བློ་ལྡན་བྱིའུ”རྟགས་ཅན་གྱི་མི་མེད་ཐད་འཕུར་གནམ་གྲུ(AV500) “དགྲ་རྡུང”རྟགས་ཅན་གྱི་XM20ངོ་སྒྱུར་དང་གཤོག་སྐོར་རྒྱག་མང་བའི་མི་མེད་གནམ་གྲུ་བཅས་རེད།
         ཟླ་11ཚེས་18ཉིན་ས་བབ་མཐོ་ཚད་སྨི་4300ཡི་མཚོ་སྔོན་ཚོད་ལྟ་རྟེན་གཞིར“དམག་སྤྱང”རྟགས་ཅན་མི་མེད་གནམ་གྲུས་ས་མཐོའི་མདེའུ་འགེལ་འཕུར་སྐྱོད་དང་ཚ་ཁ་ལྟ་བའི་ཚོད་ལྟ་ལེགས་གྲུབ་བདེ་བླག་བྱུང་བ་དང་། ཟླ་11ཚེས་9ཉིན་ས་བབ་མཐོ་ཚད་སྨི་4600ཡི་མཚོ་བོད་ས་མཐོའི་ཚོད་འཕུར་རྟེན་གཞིར“དགྲ་རྡུང”རྟགས་ཅན་གྱི་XM20ཡིས་དངོས་ཟོག་བྱུར་བུར་བླུགས་ཏེ་འཕུར་བབས་ཚོད་འཕུར་ལེགས་གྲུབ་བྱུང་བ། ཟླ་10ཚེས་31ཉིན་AV500མི་མེད་ཐད་འཕུར་གནམ་གྲུས་ས་བབ་མཐོ་ཚད་སྨི་3189ཡི་ཚོད་འཕུར་སློབ་ཚན་ལེགས་སྒྲུབ་བྱས་ཤིང་། འཕུར་སྐྱོད་བྱེད་རིང་AV500ཡིས་ས་བབ་མཐོ་ཚད་སྨི་5006ཡི་སར་འཕུར་ནས་རང་རྒྱལ་གྱིས་བཟོས་པའི་མི་མེད་ཐད་འཕུར་གནམ་གྲུའི་འཕུར་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
         མཁའ་འགྲུལ་བཟོ་ལས་ཐད་འཕུར་གནམ་གྲུ་སུའོ་ཡིས་2004ལོ་ནས་མི་མེད་ཐད་འཕུར་གནམ་གྲུ་རང་བརྟེན་ཞིབ་བཟོ་བྱེད་འགོ་བཙུགས་པ་ནས་བཟུང་མི་མེད་ཐད་འཕུར་གནམ་གྲུའི་འགག་རྩའི་ལག་རྩལ་རབ་དང་རིམ་པ་ཁྱད་བསད་བྱས་ཏེ་མི་མེད་ཐད་འཕུར་གནམ་གྲུའི་རིག་ནུས་ཅན་གྱི་ཆུ་ཚད་དང་རང་བརྟེན་ཚོད་འཛིན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་མེད་ཐད་འཕུར་གནམ་གྲུ་ཞིབ་བཟོའི་ཁྱབ་ཁོངས་ཀྱི་ཆུ་ཚད་རྒྱལ་ནང་གི་མདུན་གྲལ་དུ་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།