འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་ན་ནིང་གི་ལོ་
    ཧྲིལ་པོ་ལས་མཐོ་རུ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན། གསར་འགོད་པར་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་འཚོགས་པའི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཞིང་། 2017ལོའི་ཟླ་1ནས་10བར་རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་ཁྲི་441.3ཟིན་པ་དེ་ན་ནིང་གི་ལོ་ཧྲིལ་པོར་རེ་ཞུ་བྱེད་ཚད་ཁྲི་369.1ལས་ཁྲི་72.2མཐོ་རུ་སོང་ཡོད། དེའི་ནང་དྲ་ཐོག་ནས་རེ་ཞུ་བྱེད་ཚད་ཁྲི་377.1ཟིན་པ་དེས་རེ་ཞུའི་བསྡོམས་འབོར་གྱི་85.45%བཟུང་ཡོད་པ་རེད།
         དེ་དང་ཆབས་ཅིག་རང་རྒྱལ་ཁེ་ལས་ཀྱི་ཚོང་རྟགས་སྤུས་རྟགས་ཀྱི་རིན་ཐང་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྤུས་རྟགས་ཀྱི་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། མིག་སྔར་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་སྤུས་རྟགས་ཀྱི་རིན་ཐང་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཞིང་། འབྲེལ་ཡོད་སྤུས་རྟགས་གདེང་འཇོག་སྒྲིག་གཞིའི་བསྡོམས་རྩིས་ལ་གཞིགས་ན། འདས་ཟིན་པའི་ལོ་12ནང་ཀྲུང་གོའི་སྤུས་རྟགས་ཀྱི་རིན་ཐང་937%འཕར་བ་དེ་གོ་ལ་ཧྲིལ་པོའི་ཕུལ་བྱུང་སྤུས་རྟགས་བརྒྱའི་རིན་ཐང་བསྡོམས་འབོར་གྱི་11%བཟུང་ཡོད་པ་རེད།
         མིག་སྔའི་བར་ཚོང་རྟགས་བདག་སྤྲོད་ཀྱི་སྐར་ཁུང་105དང་ཚོང་རྟགས་བུན་ཚབ་ཏུ་ལེན་དབང་རེ་ཞུ་བདག་སྤྲོད་ས་ཚིགས་49ཡོད་པ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་29ཡི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།