འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ཉིང་ལྕགས་ལམ་གྱི་རྩེད་ཐང་ཕུག་ལམ་སྔ་སྣུར་དུ་ཏལ་འབིགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཅུས་ལྔ་པ་ནས་ཤེས་རྟོགས་བྱུང་བར། ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་འབད་འཐབ་བྱས་པ་བརྒྱུད་ཅུས་དེས་སྐྲུན་འགན་ཁུར་བའི་ལྷ་ཉིང་ལྕགས་ལམ་གྱི་རྩེད་ཐང་ཕུག་ལམ་ཉིན་ཤས་གོང་ཏལ་འབིགས་བདེ་བླག་ཐུབ་ཡོད་པ་རེད།
         རྩེད་ཐང་ཕུག་ལམ་དེ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་ཁོངས་སུ་གནས་པ་དང་དེར་ཁྱོན་རིང་ཚད་སྨི་1378ཡོད་པ་རེད།
         ལྷ་ཉིང་ལྕགས་ལམ་དེ་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་འགོ་བཙུགས་པ་དང་མཐའ་ཚུགས་ཉིང་ཁྲི་གྲོང་ཁྱེར་དུ་ཡིན་པ་དང་ཡར་ཀླུང་གཙང་པོའི་འགྲམ་ནས་བརྒྱུད་དགོས་ཀྱི་ཡོད། ལྕགས་ལམ་དེར་ཁྱོན་རིང་ཚད་སྤྱི་ལེ་435ཡོད་པ་དང་། འཛུགས་སྐྲུན་ལས་ཡུན་ལོ་7ཡིན་པ། འཆར་འགོད་ཀྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཡིན་པ་དེ་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།