འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའུ་སོགས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག་མཐོ་སློབ་
    སློབ་ཐོན་སློབ་མ་གཞི་རིམ་དུ་འཚར་ལོངས་འཆར་གཞི་ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་27ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་25ཉིན། མི་སྤྱི་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། སློབ་གསོ་པུའུ། ནོར་སྲིད་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ་《མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་འཚར་ལོངས་འཆར་གཞི་》(གཤམ་དུ་《འཆར་གཞི་》ཞེས་བསྡུ་རྒྱུ)ཐུན་མོང་ཐོག་ལག་བསྟར་བྱེད་འགོ་བཙུགས་པ་རེད།
         《འཆར་གཞི་》ཡི་ནང་གི་ཁ་ཕྱོགས་གཙོ་བོ་ནི་རྣམ་པ་སྣ་ཚོགས་ཐོག་ནས་གཞི་རིམ་དུ་ཞབས་འདེགས་ཞུ་བ་དང་ལས་ཀ་བྱེད་པའི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་ཞིང་། ལོ་བཅུ་ཡས་མས་ཀྱི་དུས་ཚོད་སྤྱད་དེ་སློབ་གསོ་གསོ་སྦྱོང་དང་། ལག་ལེན་སྦྱོང་བརྡར། ལས་རིགས་འཕེལ་རྒྱས། དོ་དམ་ཞབས་ཞུ་སོགས་ཀྱི་འབྲེལ་ཐག་ཚང་བའི་རོགས་སྐྱོར་བྱེད་ཐབས་སྤྱད་དེ་གྲུབ་ཆ་ལུགས་མཐུན་དང་། བྱང་ཚད་མཐོ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་གཞི་རིམ་གྱི་གཞོན་ནུ་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་རེད། གཞན་ཡང་རིམ་པ་ཕྱེ་བ་དང་ཐབས་ལམ་མང་བའི་གཞི་རིམ་གྱི་ཕུལ་བྱུང་གཞོན་ནུའི་རྗེས་གྲབས་ཤེས་ལྡན་པའི་འདེམས་སྒྲུག་མ་ལག་བཙུགས་ཏེ་འཆར་གཞི་དང་གཙོ་གནད་ཡོད་པའི་སྒོ་ནས་གཞི་རིམ་གྱི་དོ་དམ་ཤེས་ལྡན་པ་ཁག་གཅིག་དང་། གཞི་རིམ་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་གཅིག གཞི་རིམ་གྱི་གསར་གཏོད་ལས་གཏོད་ཤེས་ལྡན་པ་ཁག་གཅིག་བཅས་གདམ་གསེས་བྱ་རྒྱུ་རེད།
         《འཆར་གཞི་》ནི་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཀར་སྐྱོད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པའི་གསར་གཏོད་ཀྱི་བྱེད་ཐབས་དང་གལ་ཆེའི་དམ་འཛིན་བྱ་གཞི་ཞིག་རེད། དེ་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཞུགས་བརྟན་པོ་ཡོང་རྒྱུ་དང་འབྲེལ་ཤེས་ལྡན་པ་ཞིག་ཏུའང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་ཕན་པ་ཆེ་བ་ཞིག་རེད། 《འཆར་གཞི་》ལག་ལེན་བསྟར་བ་བརྒྱུད“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་སོགས་དུས་ཐུང་ཞབས་ཞུའི་རྣམ་གྲངས་དང་སྦྲེལ་མཐུད་བྱས་པ་བརྒྱུད་དུས་ཐུང་དང་དུས་རིང་གཉིས་ཟུང་འབྲེལ་དང་ཞབས་ཞུ་དང་ལས་ཀ་གཉིས་ཆ་སྒྲིག་གི་སྲིད་ཇུས་མ་ལག་ཅིག་ཆགས་རྒྱུ་རེད། དེ་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཀར་ཞུགས་རྒྱུ་དང་ཞབས་འདེགས་ཞུ་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་པའི་འགན་ལེན་ལམ་སྲོལ་གང་མགྱོགས་འཛུགས་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།