འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣས་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་
    སྟོན་ལ་གཟིགས་སྐོར་གནང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 《བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་དོ་དམ་བྱ་ཐབས་》(གཤམ་ལ་《བྱ་ཐབས་》ཞེས་བསྡུ་རྒྱུ)ལག་བསྟར་བྱས་ནས་ལོ་10འཁོར་མཚམས་ཀྱི་ཟླ་11ཚེས་23ཉིན་གྱི་སྔ་དྲོ། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་དགའ་ལྡན་བྱིན་ཆགས་གླིང་གི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་60ལྷག་ཙམ་གྱིས་པེ་ཅིང་བོད་ལྗོངས་རིག་གནས་དངོས་མང་སྟོན་ཚོགས་ཁང་དུ་གཉེར་བའི་《བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་སྐོར་གྱི་ཆེད་དོན་འགྲེམས་སྟོན་》ལ་ལྷན་དུ་གཟིགས་སྐོར་གནང་བ་རེད། འགྲེམས་སྟོན་ཐོག་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་ལོ་རྒྱུས་འཕོ་འགྱུར་དང་དེ་བཞིན་ཏཱ་ལ་དང་པཎ་ཆེན་སོགས་སྤྲུལ་སྐུའི་ཡང་སྲིད་ཀྱི་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་ངེས་སྲོལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད་པ་རེད། འགྲེམས་སྟོན་ལ་གཟིགས་སྐོར་གནང་རྗེས་པཎ་ཆེན་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་རིམ་བྱོན་ཚོའི་ཆོས་ལུགས་ཀྱི་མཁྱེན་རྒྱ་ཡངས་པ་མ་ཟད་རྒྱལ་ཁབ་གཅིག་གྱུར་དང་སྐབས་དེའི་སྤྱི་ཚོགས་དར་རྒྱས་བརྟན་ལྷིང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་བཏོད་ཡོད། 《བྱ་ཐབས་》དེ་འགྲེམས་སྤེལ་དང་ལག་བསྟར་བྱས་པ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མངོན་ཚུལ་ཞིག་ཡིན་ལ་སྤྲུལ་སྐུའི་ངོས་འཛིན་ལམ་ལུགས་རྒྱུན་འཛིན་ལ་འགན་ལེན་བྱས་པ་ཞིག་དེ་བས་ཀྱང་རེད། དུས་རབས་གསར་པའི་སྤྲུལ་སྐུ་ཚོས་ཚུལ་མཐུན་ཁྲིམས་མཐུན་དང་། གོ་སྐབས་དམ་འཛིན་གྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད། 《བྱ་ཐབས་》དེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་བཀྲམ་པ་དང་2007ལོའི་ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་འགོ་ཚུགས་ཡོད། ལོ་10ཡི་རིང་བོད་རང་སྐྱོང་ལྗོངས་ཁོ་ནར་《བྱ་ཐབས་》དེ་གཞིར་བཟུང་ངོས་འཛིན་ཞུས་པ་དང་ཆོག་མཆན་ཐོབ་པའི་སྤྲུལ་སྐུའི་ཡང་སྲིད་གསར་པ་60ལྷག་ཙམ་ཟིན་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལས་དོན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ལམ་སྲོལ་ཐོག་བསྐྱོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།