འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་སྲུང་ མཁན་མེད་པ་རིགས་པས་ཁུངས་སྐྱེལ་
    བྱེད་བཞིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་ཧྲང་ཧའེ་རུ་འཚོགས་པའི་སྐབས་བདུན་པའི“འཇིག་རྟེན་འཕུར་སྐྱོད་ལག་རྩལ་གསར་གཏོད་ཀྱི་རྒྱལ་སྤྱིའི་ཚོགས་འདུའི”ཐོག་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ཟླ་བར་བརྟག་ཞིབ་དང་འཇིག་རྟེན་འཕུར་སྐྱོད་འདུ་འགོད་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་མིག་སྔར་རང་རྒྱལ་གྱིས་ཟླ་བ་གོ་ལའི་ཚན་ཞིབ་ས་ཚིགས་སུ་རིགས་པས་ཁུངས་སྐྱེལ་བྱས་ཏེ་ནུས་རྒྱུ་དུས་ཡུན་རིང་པོ་མཁོ་སྤྲོད་དང་། རང་སྟོབས་འཁོར་སྐྱོད། སྲུང་མཁན་མེད་པ་བཅས་ཀྱི་ཟླ་ངོས་ཀྱི་རྨང་གཞིའི་སྒྲིག་བཀོད་བཟོ་རྒྱུའི་བསམ་གཞིག་བྱས་ཏེ་འཕྲུལ་མི་གཙོ་བོར་བྱེད་པའི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཚོད་ལྟ་བྱེད་བཞིན་ཡོད་ཅེས་བཤད།
        ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་སྔ་རྗེས་སུ་ཡོ་རོབ་བར་སྣང་ཅུས་དང་། ཨུ་རུ་སུ། པར་ཙིར། ཧྥ་རན་སེ། དབྱི་ཐ་ལི། ཨར་ཅི་རི་ཡ། ཨ་ཀེན་ཐིན་སོགས་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཕྱོགས་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་ཀྱི་མཉམ་ལས་ལམ་སྲོལ་བཟོས་ནས་བར་སྣང་ཚན་རིག་དང་། བར་སྣང་ལག་རྩལ། བར་སྣང་བཀོལ་སྤྱོད་སོགས་ཁྱབ་ཁོངས་དང་ལྷག་པར་དུ་མཁའ་དབྱིངས་སུ་བརྟག་ཞིབ་ཐིག་ལེན་བྱེད་པའི་ཐད་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་ཁ་གསལ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།