འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྫབ་སྣུམ་མཁའ་སྤྱོད་ས་སྣུམ་དུ་བསྒྱུར་བས་རང་རྒྱལ་གྱི་སྐྱེ་དངོས་མཁའ་འགྲུལ་ས་སྣུམ་སྤྱད་
    ནས་རྒྱ་མཚོ་སྒྲོལ་བའི་དུས་གཏན་གནམ་གྲུ་དང་པོ་འཕུར་སྐྱོད་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན་བཟའ་བཏུང་གི་སྣུམ་སྙིགས་བཙོ་སྦྱང་བྱས་པ་ལས་གྲུབ་པའི་སྐྱེ་དངོས་མཁའ་འགྲུལ་ས་སྣུམ་སྤྱད་པའི་ཧའེ་ནན་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་HU497རྒྱལ་ས་པེ་ཅིང་གི་རྒྱལ་སྤྱིའི་གནམ་ཐང་ནས་ཨ་རིའི་གྲོང་ཁྱེར་ཀྲི་ཅ་ཀོར་འཕུར་བ་ལས། ཀྲུང་ཨའི་ལྗང་མདོག་དཔེ་སྟོན་མཁའ་ལམ་སྐྱེ་དངོས་མཁའ་འགྲུལ་ས་སྣུམ་གྱི་དུས་གཏན་གནམ་གྲུ་ཐོག་མ་དེ་འཕུར་སྐྱོད་ལེགས་གྲུབ་བྱུང་བ་མཚོན་ཡོད་ལ་ཧའེ་ནན་མཁའ་འགྲུལ་ཀུང་སི་ཡང་དུས་དེ་ནས་བཟུང་རང་རྒྱལ་གྱི་སྐྱེ་དངོས་མཁའ་འགྲུལ་ས་སྣུམ་སྤྱད་པའི་རྒྱ་མཚོ་སྒྲོལ་བའི་འགྲུལ་སྐྱེལ་འཕུར་སྐྱོད་ཀྱི་མཁའ་འགྲུལ་ཀུང་སི་དང་པོ་དེར་གྱུར་པ་རེད།
         ཧའེ་ནན་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་སུན་ཅན་ཧྥེང་གིས་སྐྱེ་དངོས་མཁའ་འགྲུལ་ས་སྣུམ་ནི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། རང་རྒྱལ་ནས་ཐོན་པའི་མཁའ་འགྲུལ་ས་སྣུམ་ཚོང་ལས་ཅན་ལ་སྤྱད་པ་དེས་ལྗང་མདོག་མཁའ་འགྲུལ་གཏོད་པར་ཕན་པ་ཡོད་ལ་ཀྲུང་གོའི་ལྗང་མདོག་དམངས་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱང་མངོན་ཡོད་ཅེས་ངོ་སྤྲོད་བྱས།
         ད་ཐེངས་ཀྱི་རྒྱ་མཚོ་སྒྲོལ་བའི་དུས་གཏན་གནམ་གྲུ་འཕུར་སྐྱོད་བྱེད་སྐབས་ཧའེ་ནན་མཁའ་འགྲུལ་ཀུང་སིས་རླབས་སྒྲ་787གྱི་འགྲུལ་སྐྱེལ་གནམ་གྲུ་སྤྱད་ནས་འཕུར་བ་དང་། དེར་སྤྱད་པའི་སྐྱེ་དངོས་མཁའ་འགྲུལ་ས་སྣུམ་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཀུང་སིས་ཐོན་སྐྱེད་བྱས་པ་རེད། ཐོན་སྐྱེད་ཀྱི་རྒྱུ་ཆ་གཙོ་བོ་ནི་བཟའ་བཏུང་གི་སྣུམ་སྙིགས་སྤྱད་པ་དང་འབྲེལ་དེར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཆོག་མཆན་ཐོབ་ཡོད། འཕུར་སྐྱོད་བདེ་འཇགས་དང་ལས་ཕྱོད་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐཱན་ཕྱིར་འབུད་ཉུང་དུ་ནུས་ལྡན་ཕྱིན་ཡོད།
         ཤེས་རྟོགས་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་ཏུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ལྗང་མདོག་མཁའ་ལམ་རྣམ་གྲངས་ཀྱི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་འདི་ལོ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ལྗང་མདོག་མཁའ་ལམ་རྣམ་གྲངས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་པ་དང་འབྲེལ་ཧའེ་ནན་མཁའ་འགྲུལ་ཀུང་སིའི་པེ་ཅིང་ནས་ཀྲི་ཅ་ཀོར་ཕྱིར་ལོག་བྱེད་པའི་མཁའ་ལམ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ལྗང་མདོག་དཔེ་སྟོན་གྱི་མཁའ་ལམ་གྱི་གྲས་སུ་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།