འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཚོང་རྟགས་ཐོ་འགོད་བྱེད་པར་དྲ་ཐོག་ཏུ་གྲོན་འཇལ་རེ་ཞུ་ཕྱོགས་ཡོངས་ནས་
    མངོན་འགྱུར་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ལོ་གཅིག་ལྷག་ཙམ་ནང་ཚོང་རྟགས་ཐོ་འགོད་དྲ་ཐོག་ཏུ་རེ་ཞུ་དང་། དྲ་ཐོག་ཏུ་བཙལ་འཚོལ། དྲ་ཐོག་ཏུ་སྤྱི་བསྒྲགས། དྲ་ཐོག་ཏུ་གྲོན་འཇལ་བཅས་བྱ་རྒྱུ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་སྟེ་དྲ་ཐོག་ཏུ་རེ་ཞུ་བྱེད་པའི་ལས་སྒོ་དོན་ཚན་23བར་རྒྱ་ཆེར་སོང་ཡོད། ཚོང་རྟགས་ལས་སྒོའི་གཏན་འབེབས་རིན་པ་50%བར་དམའ་རུ་སོང་ནས་ཁེ་ལས་གཉེར་སྐྱོང་གི་མ་གནས་དམའ་རུ་ནུས་ལྡན་སོང་ཡོད།
          རང་རྒྱལ་གྱི་ཁྲོམ་རའི་བྱེད་པོའི་ཚོང་རྟགས་སྤུས་རྟགས་ཀྱི་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་སོང་ནས་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་མུ་མཐུད་འཕར་མགྱོགས་པ་དང་། འདི་ལོའི་ཟླ་1ནས་ཟླ་10པའི་བར་རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་ཁྲི་441.3ཟིན་ཏེ་ན་ནིང་ལོ་ཧྲིལ་པོར་རེ་ཞུ་བྱེད་པའི་འབོར་ཚད་ཁྲི་369.1དང་བསྡུར་ན་ཁྲི་72.2མང་དུ་སོང་བའི་ཁྲོད་དྲ་ཐོག་ཏུ་ཁྲི་377.1རེ་ཞུ་བྱས་པ་དེས་རེ་ཞུ་བྱེད་པའི་སྤྱི་འབོར་གྱི་85.45%བཟུང་ཡོད། མིག་སྔའི་བར་ཚོང་རྟགས་བདག་སྤྲོད་ཀྱི་སྐར་ཁུང་105དང་། ཚོང་རྟགས་ཀྱི་སྤུས་ཚད་དབང་ཆ་རེ་ཞུ་བདག་སྤྲོད་བྱེད་ས་49རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་སྡེ་ཚན་29རུ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།