འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་10ལ་《སྣོད་བཅུད་
    བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་སྲུང་སྐྱོབ་ཀྱི་ལག་ཁྱེར་》ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཕྱི་ཕྱོགས་ཉོ་ཚོང་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཉོ་ཚོང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་ཆེད། བོད་ལྗོངས་ཀྱིས་2016ལོར་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་སྲུང་སྐྱོབ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཉེ་ཆར་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་བོད་ཀྱི་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་10ལ་《སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་སྲུང་སྐྱོབ་ཀྱི་ལག་ཁྱེར་》སྤྲད་པ་རེད།
         ན་ནིང་ཟླ་11པའི་ཟླ་འགོར་བོད་ཀྱི་ཐོན་ཟོག་10ལ་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་སྲུང་སྐྱོབ་ཀྱི་ས་གནས་ས་ཐོག་གི་དཔྱད་འདེམས་བྱས་པ་དང་། སྲུང་སྐྱོབ་བྱ་རྒྱུར་འོས་སྦྱོར་བྱས་པའི་ཐོན་ཟོག་10ལ་བོད་ཀྱི་ས་ཁོངས་ནས་འགྲོ་འོང་དང་རིམས་ནད་ཞིབ་བཤེར་ཅུས་ཀྱིས་བཟང་བའི་ནང་ནས་ལེགས་འདེམས་དང་། གཙོ་གནད་མངོན་གསལ་དོད་པ། ས་ཁོངས་ཧྲིལ་པོར་ཁེབས་རྒྱ་ཆེ་བ་བཅས་ཡོང་བ་བྱས་པའི་ཁར་བོད་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་སོགས་ལས་རིགས་ཀྱི་གཙོ་གཉེར་དོ་དམ་སྡེ་ཚན་དང་མཐུན་སྦྱོར་གཞོགས་འདེགས་བྱས་པ་བརྒྱུད་འདོད་མོས་ཡོད་པའི་ཁེ་ལས་47གྱི་ཁྲོད་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་4ལ་ཁེབས་པའི་མཚོན་བྱེད་དཔེ་སྟོན་གྱི་ནུས་པ་ལྡན་པའི་ཁེ་ལས་10དང་དེའི་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་ལ་སྲུང་སྐྱོབ་ཁག་དང་པོར་འོས་སྦྱོར་བྱ་རྒྱུར་ལེགས་འདེམས་བྱས་པ་རེད།
         ཉེ་ཆར་རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་4ཡི་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་10ལ་《སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་སྲུང་སྐྱོབ་ཀྱི་ལག་ཁྱེར་》སྤྲད་པ་དང་གོ་ཆོད་ཚད་ལོ་3ཡིན་པ་ལས་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་ལ་སྲུང་སྐྱོབ་བྱེད་པའི་མཚོན་རྟགས་རག་པ་མཚོན་ཡོད། མཚོན་རྟགས་དེ་ཐད་ཀར་ཐོན་ཟོག་དང་ཐུམ་སྒྲིལ་ཡང་ན་ཐོན་ཟོག་གི་གསལ་བཤད་ཐོག་སྦྱར་ཆོག་ལ། ཁེ་ལས་དྲིལ་བསྒྲགས་བྱེད་པར་ཡང་སྤྱོད་ཆོག་གི་ཡོད། སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་ལ་སྲུང་སྐྱོབ་ཀྱི་མཚོན་རྟགས་ནི་རང་རྒྱལ་གྱི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་མཚོན་རྟགས་རིགས་ཀྱི་གྲས་ཤིག་ཡིན་པས་རྒྱལ་ཁབ་ཀྱི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་སྲིད་འཛིན་གྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད། 
         བོད་ཀྱི་སྣོད་བཅུད་བཟང་བའི་ཐོག་མའི་ཐོན་ཡུལ་གྱི་ཐོན་ཟོག་བཅུ་པོའི་མིང་ནི་གཤམ་གསལ། བོད་ལྗོངས་ལྷོ་ཁའི“ཡར་ལྷ་ཤམ་པོ”རྟགས་ཅན་གྱི་རང་བྱུང་གཏེར་ཆུ། བོད་ལྗོངས་རིན་སྤུངས་ཀྱི“གཞིས་རྩེ”རྟགས་ཅན་གྱི་ནས་ཆང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི“ཇོ་མོ་གླང་མའི་འཁྱག་ཀླུང”རྟགས་ཅན་གྱི་རང་བྱུང་གཏེར་ཆུ། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི“པད་མ་བདུད་རྩི་ཆུ་མིག”རྟགས་ཅན་གྱི་རང་བྱུང་གཏེར་ཆུ། འབྲི་གུང་གི་ཚེམ་དྲུབ་ཞལ་ཐང་དང་བྲས་དྲུབ་ཐང་ག ཐུ་བྷོད་ནས་ལེགས་རྟགས་ཅན་གྱི་ཇོ་མོ་གླང་མའི་ལྷ་འབྲུ། ཉིང་ཁྲིའི“གསེར་མདོག་ཇོ་མོ་གླང་མ”རྟགས་ཅན་གྱི་བེ་ཤ ཉིང་ཁྲིའི་ཡིད་འོང་གི“གངས་ལྗོངས་ཇ་རོང”རྟགས་ཅན་གྱི་ཇ་ལོ། ཉིང་ཁྲིའི“བོད་ཀྱི་ཤིང་འབྲས”རྟགས་ཅན་གྱི་ཀུ་ཤུ། སྨན་གླིང་གི“སྨན་གླིང”རྟགས་ཅན་གྱི་ཨ་ཡེ་ལག་པ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།