འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་སྡེ་ཚན་གྱིས་སྐད་འཕྲིན་ནས་མེ་འཁོར་གྱི་སྤ་སེའི་རིན་པ་སྤྲོད་ཆོག་པ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་23ཉིན་ནས་བཟུང་ཀྲུང་གོ་ལྕགས་ལམ་འགྲུལ་པའི་ཞབས་ཞུ་ལྟེ་གནས་ཀྱི་དྲ་ཚུགས་12306གི་སྐད་འཕྲིན་རིན་སྤྲོད་ཀྱི་བྱེད་ནུས་དྲ་རྒྱའི་ཐོག་ཚོད་ལྟ་བྱེད་འགོ་བརྩམས་པ་རེད།
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་དོན། སྐད་འཕྲིན་རིན་སྤྲོད་ཀྱི་རྩིས་ཐོ་ཡོད་མཁན་འགྲུལ་པས་དྲ་ཚུགས་12306དང་ལག་ཐོགས་ཁ་པར་དུད་སྣེ་ནས་མེ་འཁོར་གྱི་སྤ་སེ་ཉོ་སྐབས། གཏོང་སྤྲོད་དྲ་ངོས་ཀྱི“སྐད་འཕྲིན་གཏོང་སྤྲོད”བདམས་ནས་དངུལ་སྤྲད་ན་ཆོག་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་ཁག་གི་མེ་འཁོར་བབས་ཚུགས་ཀྱི་སྤ་སེ་བཙོངས་ས་དང་སྤ་སེ་རང་འཚོང་འཕྲུལ་འཁོར་ལ་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་སྤྲོད་ས་ཡོད་པ་རིམ་པས་བཟོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།