འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་གི"མིང་ཐོ་དམར་ནག"གི་དོ་དམ་ལམ་
    ལུགས་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཡིད་རྟོན་མ་ལག་འཛུགས་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཁ་དན་ཚིག་གནས་དང་སྐུལ་ལྕག་གཏོང་རྒྱུ་ཟུང་འབྲེལ་དང་ཁ་དན་ཚིག་ལ་མ་གནས་པའི་མཉམ་འབྲེལ་ཆད་གཅོད་ཀྱི་ལམ་ལུགས་ཟུང་འབྲེལ་བྱས་ནས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁྱབ་ཁོངས་ཀྱི“མིང་ཐོ་དམར་ནག”གི་དོ་དམ་ལམ་ལུགས་བཟོས་ནས་འབྲེལ་ཡོད་ཁེ་ལས་ཀྱིས་བཟའ་བཅའ་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའ་འཁོར་རྒྱུག་འཛད་སྤྱོད་ལྟ་སྐུལ་དོ་དམ་ཁྲུའི་ཁྲུའུ་ཀྲང་ཨན་ཤའོ་ཡུས་ཀྱིས། གཏན་འབེབས་ནང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཆད་གཅོད་བསླབ་འདོམས་བྱས་པ་བརྒྱུད་ཉེས་དོན་གྱི་ཆད་པ་ཕོག་པ་དང་། སྲིད་འཛིན་གྱི་ཆད་པ་ཕོག་པ། བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བ་སོགས་ཁ་དན་ཚིག་ལ་མ་གནས་པའི་ཁེ་ལས་དག“མིང་ཐོ་ནག་པོའི”ནང་འཇུག་རྒྱུ་དང་། “མིང་ཐོ་ནག་པོའི”ནང་བཅུག་པའི་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་ལ་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་ཕུད། ད་དུང་གཙོ་གནད་ཐོག་ལྟ་སྐུལ་དོ་དམ་བྱ་རྒྱུ་མ་ཟད། གཏན་འཁེལ་བྱས་པའི་དུས་ཚོད་ནང་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་ཅི་རིགས་སྤེལ་རྒྱུ་བཀག་འགོག་བྱ་རྒྱུ་ཡིན་པ་དང་། “མིང་ཐོ་ནག་པོ”དེ་ཡིད་རྟོན་མཚོ་སྔོན་གྱི་ཆ་འཕྲིན་མ་ལག་ནང་བཅུག་སྟེ་སྡེ་ཚན་མཉམ་འབྲེལ་གྱིས་ཆད་གཅོད་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         དེ་དང་ཆབས་ཅིག་མཚོ་སྔོན་གྱིས་ཁ་དན་ཚིག་ལ་གནས་པའི“མིང་ཐོ་དམར་པོ”བཟོས་ཏེ་ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བྱེད་པར་ལྕག་སྐུལ་བྱ་རྒྱུ་དང་། བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པ་དང་། ལོ་གསུམ་བསྟུད་མར་ཁྲིམས་འགལ་སྒྲིག་འགལ་གྱི་ཐོར་འཁོད་མེད་པ། བཟའ་བཅའི་སྤུས་ཚད་དང་བཟའ་བཅའི་བདེ་འཇགས་སོགས་ཐད་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ། བཟའ་བཅའི་བདེ་འཇགས་ཀྱི་ཚོད་འཛིན་དང་སྤུས་ཚད་དོ་དམ་སོགས་མ་ལག་གི་ཁས་ལེན་ཐོབ་པ། མུ་མཐུད་ལག་བསྟར་དོན་འཁྱོལ་ཐུབ་པ་བཅས་ཀྱི་ཁེ་ལས“མིང་ཐོ་དམར་པོའི”ནང་བཅུག་ནས་འབྲེལ་ཡོད་བྱ་དགའ་ལོངས་སྤྱོད་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།