འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་དུ་ས་ཡོམ་བརྒྱབ་པས་གནས་
    སྐབས་སྒོ་མོ་འབྱེད་མཚམས་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་24ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ་དུ། ཚེས་18ཉིན་བརྒྱབ་པའི་ས་ཡོམ་གྱིས་རྐྱེན་པས་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་མཛེས་ལྗོངས་ཁུལ་གནས་སྐབས་ཡུལ་སྐོར་བར་སྒོ་མོ་འབྱེད་མཚམས་བཞག་ཡོད། མིག་སྔར་ཡུལ་དེའི་མི་སྣ་སྒྲིག་འཛུགས་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་ཡོད་པས། མགྱོགས་མྱུར་སྒོ་མོ་འབྱེད་ཐུབ་རེ་ཡོད་པ་རེད།
         ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ས་ཡོམ་བརྒྱབ་རྗེས་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་སྣ་སྒྲིག་འཛུགས་བྱས་ཏེ་རོང་ཆེན་གྱི་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་མྱུར་བཟོ་བྱས་ཤིང་། མིག་སྔར་རོང་ཆེན་གྱི་མཛེས་ལྗོངས་ཁུལ་ནང་ཁང་པ་ལོག་མེད་པ་དང་ཡུལ་སྐོར་བ་དང་ཡུལ་དེའི་མང་ཚོགས་འཆི་རྨས་བྱུང་མེད། རྦད་དེ་བདེ་འཇགས་འགན་ལེན་ཐུབ་ཆེད། ཡུལ་དེས་མི་སྣ་སྒྲིག་འཛུགས་བྱས་ནས་རོང་ཆེན་གྱི་མཛེས་ལྗོངས་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་ཡོད་པ་དང་མཛེས་ལྗོངས་ཁུལ་གནས་སྐབས་ཡུལ་སྐོར་བར་སྒོ་མོ་འབྱེད་མཚམས་འཇོག་རྒྱུ་རེད།
        ཡར་ཀླུང་གཙང་པོའི་རོང་ཆེན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་སུ་གནས་པ་དང་སྤྱིའི་རིང་ཚད་སྤྱི་ལེ་504དང་གཏིང་ཚད་སྨི་6009ཟིན་ཡོད། གྲོག་རོང་ནང་རང་བྱུང་ཁུལ་མི་འདྲ་བ་ཚུད་པ་དང་རིགས་ཁག་གི་སྐྱེ་དངོས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་དང་མཛེས་ལྗོངས་ལྟ་ན་སྡུག་པས་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་གཏོཌ་ཀྱི་ཡོད།
         ཟླ་11ཚེས་18ཉིན་གྱི་ཆུ་ཚོད་6དང་སྐར་མ་34ཡི་ཐོག་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ས་ཡོམ་རིམ་པ་6.9བརྒྱབ་ཡོད། མིག་སྔའི་བར་ས་ཡོམ་བརྒྱབ་ནས་དུད་ཚང་3000ཡི་ཁང་པར་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་རུང་མི་སྣ་འཆི་རྨས་བྱུང་མེད་པའི་སྙན་ཞུ་འབྱོར་ཡོད་ལ། ཞོར་སྐྱོན་གནོད་འཚེ་ཡང་ཐོན་མེད།
      

    ཕྱོགས་བསྡུས་གསར་འགྱུར།