འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཡོ་རོབ་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་དང་པོ་ཕུ་
    རག་ཏུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་24ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཀྲའོ་ཚའེ་དང་ཅེ་ཁེའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དྲུང་ཆེ་རུའེ་པེ་ཁཱས་ཅེ་ཁེའི་རྒྱལ་ས་ཕུ་རག་ཏུ་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཡོ་རོབ་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་(ཅེ་ཁེ)ལ་སྒོ་བྱང་བཀལ་བ་དང་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཡོ་རོབ་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་དང་པོ་དེ་ཕུ་རག་གི་སི་ལ་ཝེ་ཡ་སྤྲོ་སྐྱིད་ཁང་དུ་བཙུགས་པ་རེད།
         ཏུའུ་ཀྲའོ་ཚའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཡོ་རོབ་ཏུ་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་གསུམ་ནས་བཞི་བར་འཛུགས་རྩིས་ཡོད་པ་དང་ད་རེས་ཅེ་ཁེར་གཞོན་ནུའི་སྦྱོང་བརྡར་ལྟེ་གནས་དང་པོ་དེ་འཛུགས་དོན་ནི་གཅིག་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཀྲུང་ཅེ་དབར་གྱི་རྐང་རྩེད་སྤོ་ལོ་སྤེལ་རེས་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་དེའང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་མཉམ་ལས་རྣམ་གྲངས་གཙོ་བོའི་གྲས་ཤིག་ཡིན་པ་དང་། གཉིས་ནས་ཀྲུང་ཅེ་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ཀྱི་རྨང་གཞི་ཡང་ཡག་པོ་ཡོད། གསུམ་ནས་ཅེ་ཁེའི་སི་ལ་ཝེ་ཡ་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་ལ་ལོ་ངོ་125ཡི་ལོ་རྒྱུས་ལྡན་པ་དང་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ལག་རྩལ་གྱི་ཆུ་ཚད་མཐོ་པོ་ཡོད་པ་མ་ཟད། ལྷག་པར་དུ་སི་ལ་ཝེ་ཡ་སྤྲོ་སྐྱིད་ཁང་ལ་མ་དངུལ་གཏོང་མཁན་གཙོ་བོ་ཡིན་པའི་ཀྲུང་གོ་ཧྭ་ཤིང་ཚོགས་པས། ཕྱོགས་གཉིས་པོའི་མཉམ་ལས་ལ་སྟབས་བདེ་མང་པོ་བསྐྲུན་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།