འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མོའོ་པའེ་རྐང་འཁོར་པེར་ལིན་དུ་སྤྱོད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་24ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མཉམ་སྤྱོད་རྐང་འཁོར་ཁེ་ལས་མོའོ་པའེ་ཀུང་སིས་ཚེས་21ཉིན་འཇར་མན་གྱི་རྒྱལ་ས་པེར་ལིན་གྱི་གྲོང་ཁུལ་དུ་རྐང་འཁོར་700གཉེར་སྐྱོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།
        ཁག་དེའི་མཉམ་སྤྱོད་རྐང་འཁོར་དེ་དག་ལག་ཐོགས་ཁ་པར་གྱི་མཉེན་ཆས་སྤྱད་ནས་མངགས་ཆོག་པ་མ་ཟད། ད་དུང་རྩ་གཉིས་ཨང་རྟགས་ཕབ་བཤེར་བྱས་ནས་རྐང་འཁོར་ཐད་ཀར་བཏང་ཆོག ཐོག་མའི་གཉེར་སྐྱོང་བྱེད་རིང་སྐར་མ་30རེར་ཡོ་རོབ་ཀྱི་སྒོར་མོ་1བསྡུ་རྒྱུ་རེད། ད་ཆ་ཚོད་ལྟའི་བེད་སྤྱོད་བྱེད་འགོ་ཚུགས་ཤིང་། འབྱུང་འགྱུར་ཀྲུང་གོའི་ཁྲོམ་ར་དང་འདྲ་བར་ཟླ་སྤྱོད་གཱ་དང་ལོ་སྤྱོད་གཱ་སོགས་གྲོན་དངུལ་བསྡུ་བའི་ཇུས་གཞི་འདོན་སྲིད། ཁག་དེའི་མཉམ་སྤྱོད་རྐང་འཁོར་དེ་དག་བཞོན་འཇོག་གང་འདོད་ཡིན་ལ། ད་དུང་རྐང་འཁོར་ཐོག་མའི་འཇོག་སར་བསྐྱལ་ན་མ་འོངས་པར་རྐང་འཁོར་སྤྱོད་པའི་གཟིགས་སྐྱོང་བྱ་དགའ་ལེན་ཆོག
        མོའོ་པའེ་རྐང་འཁོར་རྒྱལ་སྤྱིའི་ལས་སྒོའི་སྤྱི་ཁྱབ་གཞོན་པ་ཁེ་ལི་སི་·མཱ་ཏིང་གིས་པེར་ལིན་ནི་རིག་ནུས་མཉམ་སྤྱོད་རྐང་འཁོར་གྱི་ཞབས་འདེགས་ཞུ་ཡུལ་གྱི་ས་ཆ་ཡག་པོ་ཞིག་ཡིན་པ་དང་། མོའོ་པའེ་ཡིས་གྲོང་ཁྱེར་གྱི་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་འགན་འཁྲི་ལག་ལེན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
        ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མོའོ་པའེ་ཡིས་སིང་ཀ་ཕོར་དང་། དབྱིན་ཇི། དབྱི་ཐ་ལི། ཧོ་ལན་སོགས་རྒྱལ་ཁབ་11ལ་ཞབས་འདེགས་མཁོ་འདོན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།