འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞའོ་སྨི་ཡིས་རྒྱ་གར་ལ་རིག་ནུས་ལག་ཐོགས་ཁ་པར་གསར་པ་དང་གློག་གསོག་འབོའི་བཟོ་གྲྭ་
    འཛུགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་24ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན། རྒྱ་གར་གྱི་《ཚོང་ལས་དར་ཆའི་ཚགས་པར་》ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་གོའི་གསར་གཏོད་རྣམ་པའི་ཚན་རྩལ་ཁེ་ལས་ཞའོ་སྨི་ཡིས་རྒྱ་གར་ལ་རིག་ནུས་ལག་ཐོགས་ཁ་པར་གྱི་བཟོ་གྲྭ་གསུམ་པ་དེ་འཛུགས་རྒྱུའི་ཐག་བཅད་པ་མ་ཟད། རྒྱ་གར་གྱི་ཀུང་སི་དང་མཉམ་ལས་བྱས་ནས་བྱང་ཕྱོགས་མངའ་སྡེ་ནོ་དབྱི་ཏར་གློག་གསོག་འབོའི་བཟོ་གྲྭ་ཐོག་མ་དེ་འཛུགས་རྒྱུ་ཡིན་པ་རེད། 
         གནས་ཚུལ་སྤེལ་བའི་ནང་ཞའོ་སྨི་ཡི་རྒྱ་གར་ཀུང་སིའི་སྤྱི་ཁྱབ་གཞོན་པ་སྤྱི་གཉེར་བ་མཱ་ནུའུ·ཅ་དབྱིང་གི་སྐད་ཆ་དྲངས་པ་ལྟར་ན། ལག་ཐོགས་ཁ་པར་ཞའོ་སྨི་རྒྱ་གར་ལ་ཉོ་མཁན་ལྡབ་འཕར་བྱུང་ནས་རིག་ནུས་ལག་ཐོགས་ཁ་པར་ཁྲོམ་རའི་ཨང་དང་པོའི་གནས་བབ་བཟུང་ཡོད་ཅིང་། ད་རེས་ཞའོ་སྨི་ཁེ་ལས་ཀྱིས་ཡུལ་དེ་དང་མཐུན་པའི་བཟོ་གྲྭ་ཞིག་བཙུགས་པས་འཛམ་གླིང་གི་གློག་གསོག་འབོའི་སྣོད་བཅུད་མ་ལག་ཡག་ཤོས་རྒྱ་གར་ལ་ཐོབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།