འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་ཞིན་པེ་གྲོང་ཁྱེར་གྱི་ཐོག་བརྩེགས་ཁང་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་9གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཐའེ་ཝན་ཞིན་པེ་གྲོང་ཁྱེར་གྱི་ཐོག་བརྩེགས་ཁང་ཞིག་ཏུ་མེ་སྐྱོན་བྱུང་ནས་མི་9གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་གྱི་ཆུ་ཚོད་20:00ཙམ་ལ། ཐའེ་ཝན་གྱི་ཞིན་པེ་གྲོང་ཁྱེར་ཀྲུང་ཧོ་ཁུལ་གྱི་ཐོག་བརྩེགས་རིམ་པ་ལྔ་ཅན་གྱི་གླ་གཏོང་སྤྱི་ཤག་ཞིག་ནས་མེ་ཟོན་གྱི་ཉེན་བརྡ་ཐེངས་མང་འབྱོར་ཞིང་། མེ་གསོད་མེ་འགོག་རུ་ཁག་གིས་མྱུར་སྐྱོབ་བྱས་པ་མ་ཟད་མེ་སྐྱོན་ཚོད་འཛིན་ཡང་བྱས་པ་རེད། མེ་སྐྱོན་བྱུང་ཁུལ་དུ་མི་2གྲོངས་ཡོད་པ་དང་། གཞན་མི་9སྲོག་སྐྱོབ་ཐུབ་ཡོད། དེའི་ནང་གི་མི་7སྨན་ཁང་དུ་འབྱོར་དུས་དབུགས་ཆད་ཅིང་། མྱུར་སྐྱོབ་བྱས་ཀྱང་སྐྱོབ་མ་ཐུབ་པ་རེད། གཞན་མི་2ལ་རྨས་སྐྱོན་ཕྲན་བུ་ཕོག་ཡོད་པ་རེད། སྤྱི་ཤག་དེ་ནི་རྒྱུ་ཆ་ཤིང་ལས་བཟོས་པའི་གླ་གཏོང་སྡོད་ཁང་ཞིག་ཡིན་ལ། ཁྱིམ་དུད་བཅུ་གྲངས་ཡོད་པ་རེད། མེ་སྐྱོན་འབྱུང་རྐྱེན་བརྟག་དཔྱད་གསལ་འབྱེད་སྔར་ལས་ལྷག་པར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།