འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་ཁྲོད་ཀྲུང་གོའི་གནས་བབ་བརྟན་པོའི་ངང་མཐོ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་24ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས་སྙན་ཞུ་གསར་ཤོས་ཤིག་ཁྱབ་བསྒྲགས་བྱས་པ་ལས། ད་ཕན་ལོ་ཤས་རིང་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་སྦྲེལ་ཐག་ཁྲོད་ཀྲུང་གོའི་གནས་བབ་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་ཀྲུང་གོའི་ཁེ་ལས་ལག་རྩལ་མཐོ་བའི་ཟུར་སྣོན་རིན་ཐང་གི་སྟོད་རྒྱུད་ཐོན་སྐྱེད་ཚོང་པའི་གྲས་སུ་སླེབས་བཞིན་ཡོད་པ་མངོན་ཡོད།
        སྙན་ཞུའི་མིང་ཨ་《2017ལོའི་འཛམ་གླིང་ཤེས་བྱའི་ཐོན་དབང་སྙན་ཞུ། གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་ཁྲོད་ཀྱི་མི་མངོན་པའི་མ་རྩ་》ཞེས་པ་དེས་ཀོག་ཧྥེ་དང་། ཉི་ནུས་གློག་སྨན། རིག་ནུས་ལག་ཐོགས་ཁ་པར་བཅས་ལས་རིགས་གསུམ་གྱི་གྱོད་དཔེ་དབྱེ་ཞིབ་བྱས་ཏེ་གོ་ལ་ཧྲིལ་པོར་བཙོངས་པའི་ཐོན་རྫས་གྲུབ་མའི་རིན་ཐང་ཐོན་ཁུངས་ཀྱི་གསུམ་ཆ་གཅིག་ཙམ་སྤུས་རྟགས་དང་། འཆར་འགོད། ལག་རྩལ་སོགས“མི་མངོན་པའི་མ་རྩ”ནས་བྱུང་ཡོད།
        དུས་ཡུན་རིང་པོའི་ནང་། རི་པིན་དང་། ཨ་རི། འཇར་མན་བཅས་ནི“སྤྱི་ཁྱབ་པུའུ”ཡི་དཔལ་འབྱོར་སྒྲིག་གཞིའི་སྣེ་འཁྲིད་མཁན་ཡིན་མོད། འོན་ཀྱང་ད་ཕན་ལོ་ཤས་རིང་ཐད་ཀའི་ཐོན་སྐྱེད་དྲ་བར་འགྱུར་ལྡོག་ཆེན་པོ་ཕྱིན་པ་དང་ལྷག་དོན་དུ་ཀྲུང་གོས་མཁོ་འདོན་བྱས་པའི་ལག་རྩལ་མཐོ་བའི་ཟུར་སྣོན་རིན་ཐང་གི་ཐོན་རྫས་དང་ཞབས་ཞུ་བརྟན་པོའི་ངང་མང་དུ་ཕྱིན་ནས་རིན་ཐང་སྦྲེལ་ཐག་ཁྲོད་ཀྲུང་གོའི་ཁེ་ལས་སྟོད་རྒྱུད་དུ་སྐྱོད་བཞིན་ཡོད།
        སྙན་ཞུའི་ནང་རིག་ནུས་ལག་ཐོགས་ཁ་པར་གྱི་ལས་རིགས་ལ་གྲངས་གཞིའི་དབྱེ་ཞིབ་བྱས་རྗེས་ཀྲུང་གོའི་ལག་ཐོགས་ཁ་པར་ཐོན་སྐྱེད་མཁན་གྱི་ལག་རྩལ་རིམ་སྤོར་གྱི་གོམ་སྟབས་མགྱོགས་པས་མི་རྣམས་ལ་བབ་ཆགས་ཟབ་མོ་བཞག ཧྭ་ཝུའེ་ཡིས་ཚད་གཞི་མཐོ་པོའི་ཞིབ་སྤེལ་ལ་མ་འཇོག་དང་གོ་ལ་ཧྲིལ་པོའི་སྤུས་རྟགས་བཏོད་དེ་མགྱོགས་མྱུར་གོ་ལ་ཧྲིལ་པོའི་རྩེར་སོན་རིག་ནུས་ལག་ཐོགས་ཁ་པར་གྱི་ཐོན་སྐྱེད་མཁན་གཙོ་བོའི་གྲས་སུ་གྱུར་ཡོད། ཧྭ་ཝུའེ་ཕུད་གོ་ལ་ཧྲིལ་པོའི་རིག་ནུས་ལག་ཐོགས་ཁ་པར་གྱི་བྲིན་ཚད་མདུན་གྲལ་བཅུའི་སྤུས་རྟགས་ནང་ཀྲུང་གོའི་ཞའོ་སྨི་དང་། OPPO vivoབཅས་ཡོད།
         འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཕུའུ་ལང་ཤིས་སི·ཀའོ་རུའེ་ཡིས། “དེང་དུས་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་ནང་གི་མངོན་མེད་མ་རྩས་ཁེ་ལས་ཀྱི་ལས་དབང་དང་རྒྱུ་ནོར་རིམ་གྱིས་ཐག་གཅོད་རྒྱུ་རེད། དེ་ང་ཚོས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་ཕྱི་དབྱིབས་དང་། མྱོང་ཚོར། ནུས་པ། སྤྱིའི་ཡིད་དབང་འགུག་ཤུགས་བཅས་སུ་མངོན་པས་ཁྲོམ་རར་ཐོན་རྫས་བྲིན་ཁ་རྒྱུག་ཚད་ལ་སོགས་པ་གཏན་འཁེལ་བྱེད་མོད། འོན་ཀྱང་ཤེས་བྱའི་ཐོན་དབང་ནི་ཁེ་ལས་ཀྱི་མངོན་མེད་མ་རྩའི་འགྲན་རྩོད་ལེགས་ཆ་རྒྱུན་འཁྱོངས་བྱེད་པའི་བྱེད་ཐབས་ཤིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།