འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་བོད་ལྗོངས་ཀྱིས་གཅིག་གྱུར་གྱི་གྲོང་གསེབ་གློག་ཤུགས་དོ་དམ་བྱེད་སྟངས་མངོན་
    འགྱུར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ལོ་མཇུག་གོང་། བོད་ལྗོངས་ཀྱི་རྫོང་(ཆུས)74ཚང་མའི་གློག་མཁོ་འདོན་ལས་སྒོ་རྒྱལ་ཁབ་གློག་དྲ་ཀུང་སིས་ཚབ་བྱེད་དོ་དམ་མམ་ཡང་ན་ཐད་ཀར་དོ་དམ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་གློག་ཤུགས་དོ་དམ་བྱེད་སྟངས་གཅིག་གྱུར་ཡོང་བ་བྱ་རྒྱུ་རེད།
         ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་གྲོང་གསེབ་གློག་ཤུགས་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་གློག་ཤུགས་སྡེ་ཚན་གྱིས་གློག་དྲ་ཨ་མ་སྣུར་སྲིང་དང་། ཆུ་ཤུགས་གློག་ཁང་ཆུང་ངུའི་ཁྱབ་ཆུང་དྲ་རྒྱ། ཉི་ནུས་འོད་ཤུགས་གློག་ཁང་དང་དེ་བཞིན་སྤྱོད་མཁན་གྱི་མ་ལག་སོགས་རྣམ་པ་སྣ་ཚོགས་བརྒྱུད། གྲོང་གསེབ་གློག་ཤུགས་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་བཏང་སྟེ་གློག་མེད་མི་འབོར་གྱི་གློག་སྤྱོད་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་མེད་པ་དང་ཁོངས་གཏོགས་འབྲེལ་བ་རྙོག་འཛིང་ཆེ་བར་བརྟེན་བོད་ཀྱི་གྲོང་གསེབ་གློག་ཤུགས་ཁེ་ལས་ལ་དོ་དམ་ཐུབ་ཙམ་དང་། གཉེར་སྐྱོང་དཀའ་བ། སྲུང་སྐྱོང་གནད་ལ་མ་འཁེལ་བ། བདེ་འཇགས་ཀྱི་ཉེན་ཁ་ཆེ་བ། ཞབས་ཞུའི་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་སྤྱིར་ན་གནས་ཡོད།
         བོད་ལྗོངས་ཀྱི་གྲོང་གསེབ་གློག་ཤུགས་ཁེ་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འཚོ་བ་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་ཁབ་གློག་དྲ་ཀུང་སིས་གྲོང་གསེབ་གློག་ཤུགས་དོ་དམ་ལས་དོན་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་རྒྱལ་ཁབ་གློག་དྲ་ཀུང་སིའི་དབར་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་གློག་དྲ་ས་ཁོངས་ལ་ཁྱབ་པའི་གྲོང་གསེབ་གློག་ཤུགས་དོ་དམ་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་འབྲེལ་དོན་འཁྱོལ་ཡང་བྱས་ནས་རྫོང་52ཀྱི་གྲོང་གསེབ་གློག་ཤུགས་དོ་དམ་ལས་དོན་ལེགས་སྒྲུབ་བྱས་པ་རེད།
         བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས། བོད་ལྗོངས་ཀྱི་དོ་དམ་བྱས་པའི་རྫོང་གློག་མཁོ་འདོན་ཀུང་སིའི་གཉེར་སྐྱོང་དམིགས་ཚད་དག་དོ་དམ་མ་བྱས་གོང་དང་བསྡུར་ན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་7.6ཟིན་པ་དེ་དུས་མཚུངས་ལས་46.15%འཕར་བ་དང་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་5.14ཟིན་ནས་དུས་མཚུངས་ལས་63.69%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།